འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་10ཉིན།
  • མི་དམངས་དྲ་བ།>>མཚོ་སྔོན།

    ༄༅།།གཙང་གསུམ་ཆུ་འགོ་ཁུལ་དུ་སྣོད་བཅུད་ཁྲིམས་འགལ་གྱོད་གཞི་52ཞིབ་བཤེར་ཐག་
    གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་09ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གཙང་གསུམ་ཆུ་འགོའི་ཁུལ་དུ་སྣོད་བཅུད་ཁྲིམས་འགལ་གྱོད་གཞི་52ཞིབ་བཤེར་ཐག་གཅོད་བྱས་པའི་ནང་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་བརྒྱབ་པའི་གྱོད་གཞི་1དང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ངང་གསེར་བསྔོགས་པའི་གྱོད་གཞི་1ཚུད་ཡོད་པ་རེད།
         གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཁུང་ལིན་ཀྲིས་འདི་ལོའི་ཟླ་4པར་ལྐོག་རྔོན་རྒྱག་མཁན་གྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་དུ་བཟོ་བཅོས་བརྒྱབ་པའི་ཕུ་མདའ་ཁྱེར་ནས་དགོ་བ་5བསད་པ་དང་དགོ་བ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་མིག་སྔར་གཙང་གསུམ་ཆུ་འགོ་ཁུལ་དུ་ཧ་ཅང་དཀོན། གྱོད་གཞི་ཐོན་རྗེས་ཡུལ་དེས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཉེས་གསོག་དོགས་ཅན་4བཟུང་བ་མ་ཟད། མིག་སྔར་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཟིན་ཅེས་ངོ་སྤྲོད་བྱས།
         "ལོ་10ལྷག་ཙམ་རིང་རྒྱུན་མཐུད་རྡུང་རྡེག་བཏང་བ་དང་སྲུང་སྐྱོང་བྱས་པ་བརྒྱུད། གཙང་གསུམ་ཆུ་འགོ་ཁུལ་གྱི་སྣོད་བཅུད་ཁྲིམས་འགལ་གྱི་གྱོད་གཞི་དང་ལྷག་པར་དུ་ངོ་བོ་ངན་པའི་གྱོད་གཞི་ལོ་རེ་བཞིན་ཐོན་ཉུང་དུ་འགྲོ་གི་ཡོད། འོན་ཀྱང་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་སྐོར་སྐྱོད་སྲུང་སྐྱོང་དཀའ་ཚེགས་ཆེ་བ་སོགས་ཀྱི་ཤུགས་རྐྱེན་འོག་འབྲེལ་ཡོད་ཁྲིམས་འགལ་བྱེད་སྤྱོད་ད་བར་གཏན་འགོག་མཐའ་གཅོག་ཏུ་ཐུབ་མེད"ཅེས་ཁུང་ལིན་ཀྲིས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། གཙང་གསུམ་ཆུ་འགོའི་དག་ཞིང་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱེད་པ་དང་སྣོད་བཅུད་ཁྲིམས་འགལ་ལ་རྡུང་རྡེག་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མགོ་ལོག་དང་ཡུལ་ཤུལ་ཀྲོའུ་2ཀྱི་རྫོང་4ཡིས་ན་ནིང་ས་ཁོངས་ཀྱི་སྣོད་བཅུད་ཀྱི་འབྲེལ་ཡོད་སྒྲིག་གཞི་དང་རང་བྱུང་སྲུང་སྐྱོང་ཁུལ་ཁག་གི་སྲིད་འཛིན་དང་ཁྲིམས་འཛིན་ནུས་པ་ཁག་བསྡུ་སྒྲིལ་བྱས་ཏེ་སྔར་ཡོད་ས་ཁོངས་ལས་བརྒལ་བ་དང་ཁོངས་ཁུལ་ལོགས་དབྱེ་བྱས་པར་འགན་ནུས་གཅིག་སྡུད་ངང་ལག་ལེན་བསྟར་བ་དང་ཐད་ཀར་དང་གཅིག་གྱུར་དོ་དམ་བྱེད་པ་རིམ་བཞིན་མངོན་འགྱུར་བྱུང་ནས་སླད་ཕྱིན་ས་ཁོངས་ཆེ་བ་དང་། མཉམ་ལས་བྱེད་མང་བ། སྤེལ་ཐེངས་མང་བ་བཅས་ཀྱི་སྣོད་བཅུད་སྐོར་གཡེང་སྲུང་སྐྱོང་ཁྲིམས་འཛིན་གྱི་ཕུགས་ཕན་ལམ་སྲོལ་བཟོ་བརྒྱུར་རྨང་གཞི་ཡག་པོ་བཏིངས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།