འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱ་ཡིག་འབྲེལ་ཟམ"གྱི་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རྒྱ་ཡིག་འགྲན་བསྡུར་ཨ་རབ་
    མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འགྲན་ཁུལ་གྱི་མཐའ་བསྡུར་ནང་རྒྱ་གར་
    གྱི་བུ་མོ་ཞིག་གིས་ཨང་དང་པོ་བླངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་09ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། སྐབས་བཅུ་དྲུག་པའི"རྒྱ་ཡིག་འབྲེལ་ཟམ"གྱི་འཛམ་གླིང་གི་སློབ་གྲྭ་ཆེ་མོ་བའི་རྒྱའི་སྐད་ཡིག་གི་འགྲན་བསྡུར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འགྲན་ཁུལ་གྱི་མཐའ་བསྡུར་དེ་ཚེས་6ཉིན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨབ་ཀྲ་པེའི་ཀྲ་ཡེ་ཏེ་སློབ་ཆེན་དུ་གཉེར་བ་རེད། ཉིའུ་གཡོད་སློབ་ཆེན་ཨབ་ཀྲ་པེ་ཡན་ལག་སློབ་གྲྭ་ནས་ཡོང་བའི་ལོ་20ལ་སླེབས་པའི་རྒྱ་གར་གྱི་བུ་མོ་ཤེ་ལི་ཡ་ཡིས་ཨང་དང་པོ་བླངས་པ་དང་ཆབས་ཅིག་ཀྲུང་གོར་ཡོང་ནས་གོ་ལ་ཧྲིལ་པོའི་མཐའ་བསྡུར་ནང་ཞུགས་རྒྱུ་རེད།
         ད་ཐེངས་ཀྱི་འགྲན་བསྡུར་ནང་བརྗོད་གཞི་རང་འདེམས་ཀྱི་གཏམ་བཤད་དང་། ཤེས་བྱའི་ལན་འདེབས། སྒྱུ་རྩལ་འཁྲབ་སྟོན་སོགས་ལྷུ་ཚིགས་ཁག་གསུམ་བཀོད་སྒྲིག་བྱས་ཡོད། བདམས་ཐོན་པ་དགུ་འགྲན་བསྡུར་ནང་ཞུགས་ཡོད་པ་དང་ཁོང་ཚོ་གཙོ་བོ་ཀྲ་ཡེ་ཏེ་སློབ་ཆེན་དང་། ཧ་ལི་ཧྥ་སློབ་ཆེན། ཉིའུ་གཡོད་སློབ་ཆེན་ཨབ་ཀྲ་པེ་ཡན་ལག་སློབ་གྲྭ་སོགས་མཐོ་སློབ་ནས་ཡོང་བ་ཞིག་རེད།
         གཏམ་བཤད་བྱེད་རིང་། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པས་རྒྱའི་སྐད་ཡིག་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་། ཀྲུང་གོར་སློབ་སྦྱོང་དང་དངོས་སྦྱོང་བྱས་པའི་བརྒྱུད་རིམ། དེ་བཞིན་ཀྲུང་གོ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་དོ་ཁུར་བྱ་ཚུལ་བཅས་ཀྱི་ནང་དོན་དག་རྒྱ་སྐད་ཀྱི་ཐོག་ནས་ཐོགས་པ་མེད་པར་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།