འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་འགོ་
    ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་09ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་7ཉིན། སྔ་དྲོའི་ཆུ་ཚོད་8པར་ཧྥ་རན་སེར་2017ལོའི་ཧྥ་རན་སེའི་ཙུང་ཐུང་འདེམས་བསྐོའི་རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་འགོ་ཚུགས་པ་དང་རེས་སྐོར་དང་པོའི་འདེམས་ཤོག་འཕེན་པའི་ཁྲོད་རྒྱལ་ཁ་ཐོབ་པའི“མདུན་སྐྱོད”ལས་འགུལ་གྱི་འོས་མི་ཨའེ་མ་ཉིའུ་ཨེའར·མ་ཁེ་ལུང་དང་གཡས་རུའི་སྲིད་ཏང“རྒྱལ་དམངས་འཐབ་ཕྱོགས”ཀྱི་འོས་མི་མ་ལི་ན·ལེ་ཕང་གིས་སྐབས་རྗེས་མའི་ཙུང་ཐུང་གོ་གནས་ཆེད་མཐའ་མའི་འགྲན་བསྡུར་བྱ་རྒྱུ་རེད།
         དེ་ཉིན་སྔ་དྲོ་མ་ཁེ་ལུང་དང་ལེ་ཕང་གིས་ཧྥ་རན་སེའི་བྱང་རྒྱུད་དུ་ཡོད་པའི་རང་སོ་སོའི་འདེམས་ཁུལ་དུ་འདེམས་ཤོག་འཕེན་པའི་ཁྲོད་ཞུགས་ཤིང་། དེ་གོང་མི་དམངས་ཀྱི་འདོད་བློ་བརྟག་དཔྱད་ཐེངས་མང་བྱས་པ་ལྟར་ན། རེས་སྐོར་གཉིས་པའི་འདེམས་ཤོག་འཕེན་པའི་ཁྲོད་མ་ཁེ་ལུང་60%ཡི་འདེམས་ཤོག་ཐོབ་ཚད་ཀྱི་ཐོག་ནས་རྒྱལ་ཁ་ཐོབ་རྒྱུ་ཡིན་མོད། འོན་ཀྱང་འདེམས་ཤོག་འཕེན་ཚད་མང་ཉུང་གིས་མཐའ་མའི་འབྲས་བུར་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པ་དང་རེས་སྐོར་དང་པོའི་འདེམས་ཤོག་འཕེན་པའི་ཁྲོད་འདེམས་ཤོག་འཕེན་དབང་དོར་ཚད་22.23%ཟིན་ཡོད་པ་རེད།
         འདི་ནི་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ལྔ་པ་བཙུགས་ནས་ལོ་59སོང་ཚུན་སྲོལ་རྒྱུན་གྱི་གཡོན་རུ་དང་གཡས་རུའི་སྲིད་ཏང་གི་འོས་མི་མིན་པའི་མི་གཉིས་ཀྱིས་ཙུང་ཐུང་འདེམས་བསྐོའི“མཐའ་བསྡུར”གར་སྟེགས་བཟུང་ཐེངས་དང་པོ་རེད། མ་ཁེ་ལུང་དང་ལེ་ཕང་ཕྱོགས་གཉིས་པོའི་བདམས་ཐོན་འགྲན་བསྡུར་གྱི་རྩ་འཛིན་ཁ་གཏད་དུ་གྱུར་པ་དང་ལྷག་པར་དུ་ཡོ་རོབ་མནའ་འབྲེལ་དང་གོ་ལ་ཧྲིལ་པོ་ཅན་ལ་རྣམ་འགྱུར་འཛིན་སྟངས་ཐད་མ་ཁེ་ལུང་གིས་གོ་ལ་ཧྲིལ་པོ་ཅན་ལ་སྒོ་དབྱེའི་རྣམ་འགྱུར་འཛིན་ནས་ཡོ་རོབ་མནའ་འབྲེལ་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལེ་ཕང་གིས་གོ་ལ་ཧྲིལ་པོ་ཅན་གྱིས་ཧྥ་རན་སེར་འཇིགས་སྐུལ་ཡོང་སྲིད་པའི་ངོས་འཛིན་བྱས་ནས་ཡོ་རོབ་མནའ་འབྲེལ་ལ་ངོ་རྒོལ་བྱེད་པ་དང་ཧྥ་རན་སེ་སྔོན་ལ་འཇོག་དགོས་པའི་ནན་བཤད་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།