འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྦྲང་གསོའི་ལས་སུ་ཞུགས། ཕུགས་འདུན་འགྲུབ་ཕྱིར་བརྩོན།

    —— མཚོ་སྔོན་གྱི་ཁྲེན་ཀྲེན་ཧྭ་ཡིས་རྨ་ཆུའི་ངོགས་སུ་སྦྲང་གསོའི་བྱ་གཞག་བཏོད་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཟླ་ལྔ་པ་ཤར་རྗེས་རྨ་ཆུའི་ངོགས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ་མེ་ཏོག་ཤིང་ཧྭ་དང་ལི་ཧྭ་གཅིག་ལ་གཅིག་འགྲན་གྱིས་ཤར་བར་སྦྲང་ནོར་བུ་ཁྱུ་དང་ཁྱུ་འཁོར་ཞིང་། གཞོན་སྐྱེས་སྦྲང་གསོ་བ་ཁྲེན་ཀྲེན་ཧྭ་ཡང་ལས་ལ་བྲེལ་འགོ་ཚུགས།
         འདི་ལོ་ལོ་30ལ་སླེབས་པའི་ཁྲེན་ཀྲེན་ཧྭ་2010ལོར་བྱང་ཤར་གློག་ཤུགས་སློབ་ཆེན་ནས་ཐོན་ཞིང་། ཁོ་བོར་གློག་ཤུགས་མ་ལག་དང་དེ་བཞིན་རང་འགུལ་ཅན་དང་སྐྱེ་དངོས་ལས་གྲྭའི་ཆེད་ལས་ཀྱི་སློབ་གནས་གཉིས་ཡོད།
         སློབ་ཆེན་འགྲིམ་རིང་ཁྲེན་ཀྲེན་ཧྭ་ཅི་ལིན་ཞིང་ཆེན་སྦྲང་གསོ་ཞིབ་འཇུག་སུའོ་རུ་དངོས་སྦྱོང་བྱེད་མྱོང་ཡོད། ཐོལ་བྱུང་གི་གོ་སྐབས་ཤིག་ལས་ཁོ་བོར་ཕས་ཕ་ཡུལ་ཁྲི་ཀ་རྫོང་དུ་ལོ་30ལྷག་ཙམ་རིང་གསོས་པའི་སྦྲང་ནོར་བུ་སྒམ་བཅུ་ཕྲག་ཁ་ཤས་དེ་དག་སྟོང་ལ་ཉེ་བའི་དངོས་རིགས་ཏེ་ཀྲུང་ཧྭའི་སྦྲང་ནོར་བུ་ཡིན་པ་ཤེས་རྟོགས་བྱུང་། དུས་དེ་ནས་བཟུང་ཁོ་བོར་སློབ་ཆེན་ཐོན་རྗེས་ཕུ་ཡུལ་དུ་ལོག་ནས་སྦྲང་གསོའི་ལས་ལ་གཞོལ་རྒྱུའི་བློ་ཞིག་སྐྱེས།
         2010ལོའི་ཟླ་བདུན་པར་ཅི་བྱ་གཏོལ་བྲལ་འོག་ཁྲེན་ཝུན་ཧུང་གིས་རང་ཉིད་ཀྱི་བུ་མང་ར་རྫོང་མགོ་མང་གཞུང་གྲོང་རྡལ་དུ་སྦྲང་གསོ་བ་གཞན་དང་མཉམ་དུ་སྦྲང་ནོར་བུ་གསོ་བར་བསྐྱལ། ཟླ་བ་གཅིག་ལྷག་ཙམ་རིང་ཁྲེན་ཀྲེན་ཧྭ་ཡིས་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུས་སྦྲང་གསོའི་ལག་རྩལ་ཤེས་ཡོད་ལ་ཕས་དཀའ་ལས་བརྒྱབ་དོན་ཡང་ཡོངས་སུ་རྟོགས།
         སྦྲང་རྩི་འཐུ་བ་དང་། ལས་སྣོན། ཕྱིར་ཚོང་བཅས་ཀྱི་སྦྲེལ་ཐག་རིང་པོ་ཞིག་འཛུགས་ཆེད། ཁྲེན་ཀྲེན་ཧྭ་ཡིས་རང་ཉིད་ཀྱི་ཀུང་སི་སྟེ་མཚོ་སྔོན་མཚོ་བོད་ཀྲུང་ཧྭའི་སྦྲང་ནོར་ལས་རིགས་ཚད་ཡོད་ཀུང་སི་ཞེས་པ་གཉེར་བ་རེད།
         བརྩོན་ཞིབ་ཟམ་མི་ཆད་པ་བྱས་པ་བརྒྱུད་མིག་སྔར་ཁོ་ཚོས་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱས་པས་སྦྲང་རྩིའི་ཐོན་ཚད་ཀྱང་ཇེ་མང་དུ་ཕྱིན་ཞིང་། ཁོ་ཚོས་གཞི་གྱིན་ལེགས་བཅོས་བྱས་པ་བརྒྱུད་ཀྲུང་ཧྭའི་སྦྲང་ནོར་ཁྱུ་ཚོགས་རྒྱུན་འཁྱོངས་དཀའ་བའི་དཀའ་གནད་བསལ་བ་མ་ཟད། ད་དུང་སྦྲང་ནོར་བུའི་ཁྱུ་ཚོགས་ཉུང་བ་དང་ངལ་རྩོལ་པ་ཉུང་བའི་གནད་དོན་ཡང་ཐག་གཅོད་ཐུབ་ཡོད། ཅིས་ལིན་ཞིང་ཆེན་སྦྲང་གསོ་ཞིབ་འཇུག་སུའོ་ཡིས་ཀྱང་ཁོང་གི་ས་ནས་སྦྲང་གསོའི་ཉམས་མྱོང་སློབ་སྦྱོང་བྱས། སྦྲང་ནོར་བུ་སྒམ་གཅིག་ནས་སྦྲང་རྩི་ཐོན་ཚད་སྤྱི་རྒྱ་15ཙམ་ནས་སྤྱི་རྒྱ་100བར་འཕར་བ་རེད།
         ད་ཆ་སྲིད་གཞུང་གི་རྒྱབ་སྐྱོར་དང་། ནང་མིའི་རོགས་རམ། རང་ཉིད་ཀྱི་འབད་བརྩོན་བཅས་ཀྱི་འོག་ཁྲེན་ཀྲེན་ཧྭ་ཡིས་མཚོ་སྔོན་གྱི་གཙང་སེལ་འཁོར་ཁང་ཡོད་པའི་སྦྲང་རྩི་ལས་སྣོན་ཁང་ཐོག་མ་དེ་བཙུགས། 2015ལོར་ཁོ་ཚོའི་ཐོན་ཟོག་པེ་ཅིང་དང་། ཧྲེན་ཀྲེན། ཧྲང་ཧའེ་སོགས་ཀྱི་ཁྲོམ་རར་བཏོན་པ་དང་མཚོ་སྔོན་གྱི་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་20ལྷག་ཙམ་གྱིས་ཁོ་ཚོའི་སྦྲང་རྩིའི་ཆེད་ཚོང་ཁྲོམ་བཀྱག་བཙུགས་ཡོད། འདི་ལོ་ཅིང་ཏུང་གི་སྒེར་གཉེར་ཞེས་པའི་ཚོང་དུད་ཀྱིས་ཀྱང་རང་འགུལ་ངང་ཁོ་ཚོ་དང་འབྲེལ་གཏུག་གིས་དྲ་སྦྲེལ་ལས་སྟེགས་སྤྱད་ནས་དེ་བས་གཞི་རྒྱ་ཆེ་བའི་ཁྲོམ་ར་གཏོད་རྒྱུའི་རེ་བ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།