འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་དུས་ཚིགས་དང་པོ་བར་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་ འཁོར་རིགས་དུང་ཕྱུར་
    གསུམ་ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2017ལོའི་ཟླ་གསུམ་པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར་3ལས་བརྒལ་བའི་ནང་རླངས་འཁོར་དུང་ཕྱུར་2ཟིན་ཡོད། འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བ་དུང་ཕྱུར་3.64ཟིན་པའི་ནང་རླངས་འཁོར་གྱི་ཁ་ལོ་བ་དུང་ཕྱུར་3.2ཟིན་ཡོད།
          གསར་འགོད་པས་ཤེས་རྟོགས་བྱས་པར། འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་འབོར་མགྱོགས་མྱུར་འཕར་བ་དང་བསྡོམས་འབོར་དུང་ཕྱུར་3ལས་བརྒལ་ཡོད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་འབོར་མུ་མཐུད་འཕར་བཞིན་ཡོད་པ་དང་ཉེ་བའི་ལོ་ལྔའི་ནང་ཁྲི་1400མང་དུ་ཕྱིན་ཡོད། ཟླ་གསུམ་པའི་ཟླ་མཇུག་བར་རྒྱལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་རིགས་དུང་ཕྱུར་3ལས་བརྒལ་ནས་300280590ཟིན་ཡོད། ཞིང་ཆེན་12ཀྱི་འཕྲུལ་སྒུལ་འཁོར་རིགས་ཀྱི་གྲངས་འབོར་ཁྲི་1000ལས་བརྒལ་བ་དང་། ཀོང་ཏུང་དང་། ཧྲན་ཏུང་། ཧོ་ནན་བཅས་ཞིང་ཆེན་གསུམ་གྱི་འཕྲུལ་སྒུལ་འཁོར་རིགས་ཁྲི་2000ལས་བརྒལ་ཡོད། 2017ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་འཕྲུལ་སྒུལ་འཁོར་རིགས་ཁྲི་820གསར་དུ་ཐོ་འགོད་བྱས་པ་དེ་ན་ནིང་དང་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།