འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།"འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི"གྲས་ཀྱི་ལི་ཧྲི་ཆའོ་རྒྱལ་ནང་དུ་
    རང་ཉེས་ངོས་ལེན་ཞུ་བར་ཡོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་19ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་17ཉིན་ཀྲུང་དབྱང་སྒྲིག་ཨུད་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གནས་ཚུལ་ཡོངས་བསྒྲགས་བྱས་དོན། ཀྲུང་དབྱང་རུལ་རྒོལ་མཐུན་སྦྱོར་ཚོགས་ཆུང་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་ལས་དོན་གཞུང་དོན་ཁང་གི་སྤྱི་འདོམས་མཐུན་སྦྱོར་དང་ཀྲེ་ཅང་ཞིང་ཆེན་དང་ཉིང་པོ་གྲོང་ཁྱེར་གྱི་འབྲེལ་ཡོད་ལས་ཁུངས་ཀྱི་ཐུན་མོང་འབད་བརྩོན་འོག“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་གི་ཨང་75པ་ལི་ཧྲི་ཆའོ་ཁ་ན་ཏ་ནས་རྒྱལ་ནང་དུ་རང་ཉེས་ངོས་ལེན་ཞུ་བར་ཡོང་ཡོད། དེ་ནི་2015ལོའི་ཟླ་4པར་གཅིག་སྡུད་ཐོག་དམར་རྗེན་དུ་བཏོན་པའི“འཛིན་བཟུང་གི་བཀའ་རྒྱ་དམར་པོ་བཏང་བའི་མི་བརྒྱའི”ནང་ཁྲིམས་རར་འབྱོར་མཁན་མི་40པ་དེ་ཡིན།
          ལི་ཧྲི་ཆའོ། ཕོ། 1942ལོའི་ཟླ་6ཚེས་28ཉིན་སྐྱེས། ཉིང་པོ་ལག་རྩལ་བཟོ་ལས་ཚོང་དོན་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་ཉིང་པོ་ཧྭ་ཡོན་ས་ཁང་བདག་ཁོངས་ཚད་ཡོད་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ཡིན། ལྐོག་བཟའི་ནག་ཉེས་བསགས་ནས་གྱོད་དོན་ཐོ་འགོད་དང་མྱུལ་ཞིབ་བྱས་པས་2009ལོའི་ཟླ་4པར་ཁ་ན་ཏར་བྲོས། རྒྱལ་སྤྱིའི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱི་འཛིན་བཟུང་བཀའ་རྒྱ་དམར་པོའི་ཨང་གྲངས་A-3059/9-2009ཡིན།
          ཀྲེ་ཅང་ཞིང་ཆེན་དང་ཉིང་པོ་གྲོང་ཁྱེར་གྱིས་གྱོད་གཞི་དེར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་བྲོས་འདེད་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། བཅའ་ཁྲིམས་ཀྱི་ཟིལ་གནོན་དང་། སྲིད་ཇུས་ཀྱི་འབོད་སྐུལ། གཉེན་ཉེའི་ཁ་ཏ་བསླབ་བྱའི་འོག་ལི་ཧྲི་ཆའོ་མཐར་རྒྱལ་ནང་དུ་རང་ཉེས་ངོས་ལེན་ཞུ་བར་ཡོང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།