འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་ཨུད་དང་སྒྲིག་ཨུད་ཀྱིས་སྒྲིག་ཁྲིམས་ལས་འགལ་བའི་དཔེ་མཚོན་གནད་དོན་བརྡ་
    ཁྱབ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་18ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་གསལ། དམག་ཨུད་འགོ་ཁྲིད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉིན་ཤས་གོང་དམག་ཨུད་དང་སྒྲིག་ཨུད་ཀྱིས་དམག་ཡོངས་ལ་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སྐབས་མངོན་བཤེར་ལྐོག་ཞིབ་ཐེངས་གཉིས་པ་བྱེད་རིང་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱུང་བའི་དཔེ་མཚོན་གྱི་གྱོད་གཞི་10བརྡ་ཁྱབ་བཏང་ཁར་དམག་ཨུད་དང་སྒྲིག་ཨུད་དྲ་བའི“སྤྱོད་ཚུལ་བཞིའི”གནད་དོན་དམར་རྗེན་དུ་འདོན་ཁུལ་ལ་ཡོངས་བསྒྲགས་ཀྱང་བྱས་ཡོད། ད་ཐེངས་བརྡ་ཁྱབ་བཏང་བའི་གནད་དོན་10དག་སྒྲིག་འགལ་ངང་འགྲོ་སོང་རྩིས་ཞུ་བྱས་པ་དང་། སྒྲིག་འགལ་ངང་གསོལ་སྟོན་བཤམས་པ། གཞུང་དངུལ་སྤྱད་ནས་སྒེར་གྱི་འགྲོ་གྲོན་རྩིས་ཞུ་བྱས་པ། སྒྲིག་འགལ་ངང་རྒྱུ་དངོས་བླངས་པ། དམག་མིའི་ཁེ་ཕན་ཧམ་བཟུང་བྱས་པ་སོགས་དང་འབྲེལ་བ་ཡོད། ཚན་པ་དྲུག་གི་ཏང་ཨུད་དང་སྒྲིག་ཨུད་ལ་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་བདའ་འདེད་བཏང་བ་དང་། འགོ་ཁྲིད་ལས་བྱེད་པ་11གི་འགན་འཁྲི་རྩད་གཅོད་བྱས་པ། ཐད་ཀའི་འགན་འཁུར་བ་49ལ་ཏང་གི་སྒྲིག་ཁྲིམས་དང་དམག་མིའི་སྒྲིག་ཁྲིམས་ཀྱི་ཆད་པའམ་ཡང་ན་རྩ་འཛུགས་ཀྱི་ཆད་པ་བཅད་པ་རེད།
         བརྡ་ཁྱབ་ནང་བསྟན་དོན། གཏན་འབེབས་དང་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་10དག་ཤེས་བཞིན་དུ་ཁྲིམས་ལས་འགལ་བ་དང་ཡ་མེད་སྒྲིག་འགལ་གྱི་དཔེ་མཚོན་བྱེད་སྤྱོད་ཁོངས་སུ་གཏོགས་པ་དེ་ལས་མི་ཁག་གཅིག་གི་སྒྲིག་ཁྲིམས་ཀྱི་འདུ་ཤེས་དང་སྒྲིག་ལམ་གྱི་འདུ་ཤེས་ཞན་པ་དང་སྟེས་དབང་གི་བསམ་བློ་འཆང་བ་དང་གུས་ཤིང་སྐྲག་པ་མི་ཤེས་པ་མངོན་ཡོད། ཚན་པ་ཁག་གཅིག་གི“འགན་འཁྲི་གཉིས”དོན་འཁྱོལ་ཏན་ཏིག་མ་བྱུང་བ་དང་། ཏང་གིས་ཏང་ཡོན་ལ་དོ་དམ་དང་ཏང་གིས་ལས་བྱེད་པར་དོ་དམ་ནན་པོ་མ་བྱུང་བས་ལྷུག་ལྷོད་འཇམ་གསུམ་གྱི་རྣམ་པ་སྔར་བཞིན་གནས་ཡོད།
         བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་པ་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་དོན་དུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་སྤྱོད་བཟང་དར་སྤེལ་དང་རུལ་རྒོལ་གཏིང་ཟབ་ཏུ་གཏོང་བའི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་ངེས་ཤུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཐོན་པའི་ངར་ཤུགས་དང་སེམས་ཤུགས་ལ་བརྟེན་ནས་རྒྱུན་སྲིང་ལྷོད་མེད་ངང་སྤྱོད་ཚུལ་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་མཐར་ཕྱིན་པ་བཅས་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ནན་ཏན་སྒྲུབ་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཅུས་གཟེར་དམ་པོར་སྒྲིམ་པ། ནན་པོ་གཙོ་བོར་བྱེད་པ་དང་ཏན་ཏིག་གཞི་རྟེན་དུ་བྱེད་པ། དངོས་འབྲེལ་དོ་དམ་དང་ནན་པོ་བྱེད་པ་དང་། དོ་དམ་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ། དོ་དམ་ཡུན་རིང་དང་ནན་པོ་ཡུན་རིང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་ལྟ་སྐུལ་འགན་འཁྲི་ནན་ཏན་མ་སྒྲུབ་པར་གསང་བའི་ངང་གཞུང་དངུལ་བཏང་ནས་བཟའ་འཐུང་བྱེད་པ་སོགས་ཡ་མེད་སྒྲིག་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་ཁར་ཀྲུའུ་ཞི་ཞི་ཅིན་ཕིང་དང་དམག་ཨུད་ཀྱི་ཐབས་ཇུས་མཛུབ་སྟོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་དང་ནན་ཏན་མེད་པ་དང་། རྣམ་འགྱུར་སྟོན་རྒྱུར་སྣང་ཆེན་དང་། དོན་འཁྱོལ་བྱ་རྒྱུར་སྣང་ཆུང་། བྱ་སྤྱོད་གཅིག་མཚུངས་མེད་པ། བླང་བྱ་ལྟར་བྱ་བ་མི་སྒྲུབ་པ། ལག་བསྟར་དོན་ཐོག་ཏུ་མི་འཁྱོལ་བ་སོགས་ཀྱི་གནད་དོན་ཤེས་རྟོགས་དང་ཡོ་བསྲང་བྱ་རྒྱུར་སྣང་ཆེན་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།