འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ལུས་རྩལ་རྣམ་གྲངས་ཀྱི་བོད་ཀྱི་བདམས་ཐོན་
    པ་ཕྱོགས་ཡོངས་ནས་འདེམས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ལུས་རྩལ་རྣམ་གྲངས་ཀྱི་བོད་ཀྱི་ཕིང་ཕང་སྤོ་ལོའི་བདམས་ཐོན་པ་གདམ་གསེས་ཀྱི་འགྲན་བསྡུར་ལྷ་སར་འགོ་ཚུགས་པ་དེ་ཐོག་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་མང་ཚོགས་ལུས་རྩལ་རྣམ་གྲངས་ཀྱི་བོད་ཀྱི་བདམས་ཐོན་པ་གདམ་གསེས་ལས་དོན་ཕྱོགས་ཡོངས་ནས་འགོ་ཚུགས་པ་མཚོན་ཡོད།
            ད་ཐེངས་ཀྱི་གདམ་གསེས་འགྲན་བསྡུར་དེ་བོད་ལྗོངས་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས་གཉེར་འགན་འཁུར་བ་ཞིག་ཡིན་ཞིང་། དུས་ཡུན་ཉིན་བཞིའི་འགྲན་བསྡུར་ནང་བོད་ཀྱི་ས་ཁུལ་ཁག་ནས་ཡོང་བའི་ཕིང་ཕང་སྤོ་ལོར་དགའ་བའི་མི་50ལྷག་ཙམ་གྱིས་འགྲན་ཞུགས་མི་གྲངས་16ནང་ཚུད་ཆེད་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།
           བོད་ལྗོངས་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱི་འགན་འཁུར་བ་མཚམས་ལགས་ཀྱིས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་བོད་ཀྱིས་ལོ་30ནས་ལོ་39བར་དང་ལོ་50ནས་ལོ་59བར་གྱི་ཕོ་མོའི་ཚོགས་ཆུང་བཞི་ཡི་ཚོགས་པའི་འགྲན་བསྡུར་ནང་ཞུགས་རྒྱུ་རེད། ད་ཐེངས་ཀྱི་གདམ་གསེས་འགྲན་བསྡུར་ལ་ཚད་གཞི་དེར་གཞིགས་ནས་ཚོགས་ཆུང་བཞི་རུ་བགོས་ཏེ་ཁེར་རྒྱག་འགྲན་བསྡུར་བྱ་རྒྱུ་དང་ལོ་ན་རྒན་པའི་ལུས་རྩལ་པ་རྣམས་ལོ་ན་གཞོན་པའི་ཚོགས་ཆུང་ནང་ཞུགས་ནས་འགྲན་བསྡུར་བྱེད་ཆོག ཚོགས་ཆུང་ཁག་གི་ཨང་དང་པོ་ནས་ཨང་བཞི་པའི་བར་གྱི་འགྲན་ཞུགས་པ་རྣམས་བོད་ཀྱི་འཐུས་མི་རུ་ཁག་གི་ཚབ་བྱས་ནས་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
          “འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པའི་ཁྲོད་རྒན་ཤོས་ལོ་70རེད། བདམས་ཐོན་པ་རྣམས་ལས་རིགས་ཁག་ནས་ཡོང་བ་དང་ཚང་མར་ཆེད་ལས་ཀྱི་སྦྱོང་བརྡར་བྱེད་མྱོང་མེད། ཁོང་ཚོས་འབད་བརྩོན་ལྷོད་མེད་བྱེད་པ་དང་དུས་མཚུངས་སུ་ཕིང་ཕང་སྤོ་ལོའི་སྤྲོ་སྣང་ལ་རོལ་ཐུབ་རྒྱུའི་རེ་བ་ཡོད”ཅེས་མཚམས་ལགས་ཀྱིས་བཤད།
           ཤེས་རྟོགས་བྱུང་བར་གཞིགས་ན།སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་བོད་ཀྱིས་རུ་མི་བཏང་ནས་ཕིང་ཕང་སྤོ་ལོ་དང་། བྱ་སྒྲོའི་སྤོ་ལོ། མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་སོགས་མང་ཚོགས་ལུས་རྩལ་རྣམ་གྲངས་ཁག་11གི་འགྲན་བསྡུར་ནང་ཞུགས་རྒྱུ་དང་ཕིང་ཕང་སྤོ་ལོ་ཕུད་རྣམ་གྲངས་གཞན་དག་གི་གདམ་གསེས་འགྲན་བསྡུར་ཉེ་དུས་གཅིག་རྗེས་གཉིས་མཐུད་ངང་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།