འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།“གཙང་གསུམ་ཆུ་འགོའི་ཐུམ་འབུའི་ནད་རོགས་སྐྱོབ་ཀྱི་སྤྱི་ཕན་བྱེད་སྒོ”སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཐག་རིང་ལུང་ཁུག་གི་ཐུམ་འབུའི་ནད་པ་དབུལ་པོས་གཏོགས་ཁོངས་ཅན་གྱི་གཤགས་བཅོས་སྨན་བཅོས་དང་ལེན་བྱེད་བདེ་བ་དང་། ཐུམ་འབུའི་ནད་འགོག་བཅོས་ཀྱི་བདེ་ཐང་སློབ་གསོ་སྔར་བས་ཁྱབ་གདལ་གཏོང་ཕྱིར། ཟླ་4ཚེས་15ཉིན་ནས་ཚེས་25ཉིན་བར་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྨན་ཁང་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། ཞིང་ཆེན་ཡུལ་ནད་སྔོན་འགོག་ཚོད་འཛིན་སུའོ་བཅས་ཀྱིས་མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་དང་མཉམ་དུ“གཙང་གསུམ་ཆུ་འགོའི་ཐུམ་འབུའི་ནད་རོགས་སྐྱོབ་ཀྱི་སྤྱི་ཕན་བྱེད་སྒོ”སྤེལ་རྒྱུ་ཡིན་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོའི་ནང་སྨན་རིན་མི་དགོས་པར་གཤགས་བཅོས་དང་། ཐུམ་འབུའི་ནད་ཀྱི་ཕྱི་བཅོས་ཚན་ཁག་གི་འབྲེལ་ཡོད་ལག་རྩལ་གསོ་སྦྱོང་། ཐུམ་འབུའི་ནད་པའི་བརྙན་པར་རིག་པའི་དཔྱད་དཔོག་སོགས་ཚུད་ཡོད་པ་རེད། གཤགས་བཅོས་རོགས་སྐྱོབ་ནི་ད་ཐེངས་བྱེད་སྒོའི་ནང་དོན་གཙོ་བོ་ཡིན་པ་དང་། མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་གིས་རིགས་གཅིག་མཁས་ཅན་ཚོགས་པ་སྒྲིག་འཛུགས་ཀྱིས་ཐུམ་འབུའི་ནད་པར་གཤག་བཅོས་བྱས་ནས་རིན་མེད་རོགས་སྐྱོབ་དང་ཐུམ་འབུའི་ནད་ཀྱི་ཚད་ལྡན་གཤགས་བཅོས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད། རྒྱུན་གཏན་གྱི་གཤགས་བཅོས་ཕུད་ད་དུང་དུས་འགོའི་མཆིན་པའི་ཝུ་བའི་རྣམ་པའི་ཐུམ་འབུའི་ནད་བཅོས་པའི་ལག་རྩལ་གསར་པ་སྟེ། རླབས་ཕྲན་གྱིས་མེད་པ་བཟོ་བའི་ལག་རྩལ་བཀོལ་སྤྱོད་བྱས་ནས་ནད་པ་དེ་བས་མང་བར་ཕན་པ་འདོགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།