འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་ལྔའི་ནང་མ་དངུལ་སྒོར་དུང་ཕྱུར་2000བཏང་ནས་གཙོ་གནད་ཐོག་
    བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་ལེགས་སུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱུང་བར། 2016ལོར་མཚོ་སྔོན་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར་388བཏང་བ་དང་འདི་ལོ་ནས་བཟུང་འབྲེལ་ཡོད་མ་དངུལ་མང་དུ་གཏོང་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མ་དངུལ་སྒོར་དུང་ཕྱུར་2000ལྷག་ཙམ་ཟིན་རེ་ཡོད། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་དེའི་བོད་རིགས་ས་ཁུལ་གྱི་འགྲིམ་འགྲུལ་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་འགྲོ་རྒྱུ་རེད།
             མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ཕྱོགས་བསྡུས་འཆར་འགོད་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝང་ཤའོ་ལིས་མཚོ་སྔོན་གྱི་ཤང་གྲོང་ལ་ལར་ད་དུང་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་མེད་པ་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ལ་ལར་གྲོང་ཚོའི་གཞུང་ལམ་ཤར་གཏོང་ཐུབ་མེད་ཅེས་ངོ་སྤྲོད་བྱས་བྱུང་། དེ་དང་ཆབས་ཅིག་ཞིང་ཆེན་དེ་དང་འབྲེལ་བའི་བོད་ལྗོངས་དང་སི་ཁྲོན་སོགས་མཐའ་འཁོར་ཞིང་ལྗོངས་བཞི་ཡི་འབྲེལ་མཚམས་ཀྱི་གཞུང་ལམ་མི་ཉུང་བ་ཞིག་ཀྱང་རིམ་བཞི་མན་གྱི་གཞུང་ལམ་ཤ་སྟག་ཡིན་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་མཚོ་སྔོན་གྱིས་རྒྱལ་ཁབ་རིམ་པའི་གཞུང་ལམ་དང་། ཞིང་ཆེན་རིམ་པའི་གཞུང་ལམ། གྲོང་ཚོ་རིམ་པའི་གཞུང་ལམ་བཅས་རིམ་གསུམ་གཞུང་ལམ་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་གཞུང་ལམ་དྲ་བ་ཆགས་རྒྱུའི་ལས་དོན་མགྱོགས་སུ་བཏང་ནས་2020ལོར་སླེབས་སྐབས་ཞིང་ཆེན་དེའི་རིམ་གཉིས་ཡན་གྱི་རྒྱལ་ཁབ་རིམ་པའི་གཞུང་ལམ་ལམ་ཐག་གིས་བཟུང་བའི་བསྡུར་ཚད་80%ཟིན་པ་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་30%ཙམ་མཐོ་རུ་འགྲོ་བ་བྱ་རྒྱུ་དང་། རིམ་གཉིས་ཡན་གྱི་ཞིང་ཆེན་རིམ་པའི་གཞུང་ལམ་གྱིས་བཟུང་བའི་བསྡུར་ཚད་30%ལྷག་ཙམ་ཟིན་པ་བྱས་ཏེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་ཆུ་ཚད་ལས་ལྡབ་གཅིག་འཕར་བ་བྱ་རྒྱུ། ཤང་གྲོང་ཚང་མར་སྣུམ་ནག་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ། སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་བྱ་རྒྱུ། གཞུང་ལམ་གྱི་སྤྱིའི་ལམ་ཐག་གསར་པ་སྤྱི་ལེ་ཁྲི་གཅིག་ཟིན་པ་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།