འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་ཀྱིས་གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཁྲི་774ཉར་ཚགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་16ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན་ཧྲའན་ཤིས་ཞིང་ཆེན་རིག་དངོས་ཅུས་ཀྱིས་ཕྱི་ཕྱོགས་ལ་ཧྲའན་ཤིས་ཞིང་ཆེན་གྱི་ཐེངས་དང་པོའི་རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་འབྲས་བུ་ཁྱབ་བསྒྲགས་བྱས་ནས་ལོ་ལྔའི་ཡོངས་བཤེར་བསྡོམས་རྩིས་བརྒྱབ་པ་བརྒྱུད། ཧྲའན་ཤིས་ཞིང་ཆེན་གྱི་གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཆ་ཚང་3009455ཡི་དངོས་པོ་7748750ཉར་ཚགས་བྱས་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད།
          གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་གྱི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཚོད་ལྟའི་ཞིང་ཆེན་གཅིག་པུ་ཡིན་པའི་ཧྲའན་ཤིས་ཀྱིས་2011ལོར་གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་སྔོན་ལ་སྤེལ་བ་དང་ཡོངས་བཤེར་ཁྱབ་ཁོངས་ནི་ཧྲའན་ཤིས་ཞིང་ཆེན་མངའ་ཁོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། བྱ་གཞག་ཚན་པ། གཞུང་ཁོངས་ཁེ་ལས། གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་སོགས་ཀྱི་རིགས་ཁག་གི་གཞུང་ཁོངས་ཚན་པས་ཉར་ཚགས་དང་དོ་དམ་བྱས་པའི་སྤོ་རུང་བའི་རིག་དངོས་ཡིན། ད་ཐེངས་ཀྱི་ཡོངས་བཤེར་བརྒྱུད་ཧྲའན་ཤིས་སུ་གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཆ་འཕྲིན་ཐོན་ཁུངས་མཛོད་སྤྱིར་ན་བཙུགས་ནས་གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཐོན་ཁུངས་ཚད་གཞི་ཅན་དང་སྒུལ་རྣམ་ཅན་གྱི་དོ་དམ་བྱེད་སྟངས་རགས་ཙམ་ཆགས་ཡོད།
          ཡོངས་བཤེར་ལས་དོན་ཁྲོད་ཧྲའན་ཤིས་ཀྱིས་ཡོངས་བཤེར་མི་སྣ་2200སྒྲིག་འཛུགས་བྱས་ནས་ཞིང་ཆེན་དེ་ཡོངས་ཀྱི་རྫོང་(ཆུས)107གྱི་གཞུང་ཁོངས་ཚན་པ་41085ལ་ཡོངས་བཤེར་ཤེས་རྟོགས་བྱས་པ་དང་། རྒྱལ་ཡོངས་ཀྱི་སྤོ་རུང་བའི་རིག་དངོས་ཡོངས་བཤེར་ཐེངས་དང་པོ་བྱས་པ་བརྒྱུད་ཧྲའན་ཤིས་ཞིང་ཆེན་སྲིད་འཛིན་ཁུལ་མངའ་ཁོངས་ཀྱི་གཞུང་ཁོངས་ཀྱི་སྤོ་རུང་བའི་རིག་དངོས་ཉར་ཚགས་ཚན་པ་522དང་སྤོ་རུང་བའི་རིག་དངོས་ཆ་ཚང་3009455ཡི་དངོས་པོ་7748750ཉར་ཚགས་བྱས་ནས་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། གཞན་ཡང་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་དུ་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཆ་ཚང་2623167གྱི་དངོས་པོ་5872754དང་། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཆ་ཚང་128887གྱི་དངོས་པོ་419088 མཛེས་རྩལ་ཁང་དུ་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཆ་ཚང་2292ཀྱི་དངོས་པོ་2362 ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཆ་ཚང་2989ཡི་དངོས་པོ་176043 དེ་མིན་གྱི་ཚན་པར་ཉར་ཚགས་བྱས་པའི་སྤོ་རུང་བའི་རིག་དངོས་ཆ་ཚང་252120གྱི་དངོས་པོ་1278503བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།