འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྐད་ཡིག་གི་འགུལ་རིས་གློག་བརྙན་《ཨ་ཁུ་སྟོན་པ་》ཐོག་མ་དཔེ་སྐྲུན་
    འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཐེན་ལི་གཏན་འཁེལ་རྣམ་བཞག་འགུལ་རིས་ཚོགས་པས་སྒྲིག་བཟོ་བྱས་པའི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་རྒྱབ་ལྗོངས་བྱེད་པའི་གཏན་འཁེལ་རྣམ་བཞག་འགུལ་རིས་བརྙན་འཕྲིན་《ཨ་ཁུ་སྟོན་པ་》ཞེས་པ་ཐོག་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།
         ཨ་ཁུ་སྟོན་པ་ཞེས་པའི་གཏམ་རྒྱུད་ནི་བོད་ལྗོངས་སུ་ཁྱབ་རྒྱ་ཧ་ཅང་ཆེ་ཞིང་། དེའི་ཁྲོད་དུ་བོད་མི་རིགས་ཀྱི་བློ་རྩ་བརྟན་ཞིང་བག་ཡངས་པོ་དང་། ཟོལ་མེད་མཛའ་མཐུན། གུ་ཡངས་འཆམ་མཐུན་སོགས་ཀྱི་མི་རིགས་སྙིང་སྟོབས་མཚོན་པ་རེད། ཐེན་ལི་གཏན་འཁེལ་རྣམ་བཞག་འགུལ་རིས་ཚོགས་པའི་འབྲེལ་ཡོད་འགན་ཁུར་པས“འགུལ་རིས་ཀྱི་མཐོང་ཚོར་ཐོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཞིབ་པར་བཤད་པ་དམིགས་ཡུལ་གཙོ་བོར་འཛིན་པ་དང་། འགུལ་རིས་ཐོག་ནས་བོད་ལྗོངས་དང་ས་གནས་ཁག་བར་རིག་གནས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་པོ་ཉིད་ཀྱི་བསམ་གཞིགས་བྱས་ཏེ་ང་ཚོས་བོད་ཁུལ་དུ་ཁྱབ་པའི་ཨ་ཁུ་སྟོན་པའི་གཏམ་རྒྱུད་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་མ་ཟད། བཅོས་སྒྲིག་བྱས་ནས་འགུལ་རིས་ཀྱི་རྣམ་པའི་ཐོག་ནས་མི་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པས། གཟིགས་མོ་བ་ཚོས་འགུལ་རིས་ཁྲོད་ནས་ཨ་ཁུ་སྟོན་པའི་མིའི་ཀུན་སྤྱོད་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱེད་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། འགུལ་རིས་གློག་བརྙན་《ཨ་ཁུ་སྟོན་པ་》ཞེས་པར་དབུས་གཙང་སྐད་སྒྲ་སྦྱོར་བྱ་རྒྱུ་དང་བོད་ཡིག་ཀྱང་བརྙན་སྒྲིག་བྱ་རྒྱུ་ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གཉིས་སུ་དུས་མཉམ་དུ་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།