འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་སྒུལ་བདེས་ཆ་འཕྲིན་ཅན་ལ་བརྟེན་ནས་ཡུལ་ཤུལ་གྱི“མཉམ་བགྲོད་སློབ་ཁང”ལ་
    སྐུལ་འདེད་བཏང་སྟེ་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཡུལ་ཤུལ་གྲོང་ཁྱེར་འབའ་ཐང་ཤང་གླ་བོ་དགོན་གྲོང་ཚོའི་སློབ་ཆུང་གི“མཉམ་བགྲོད་སློབ་ཁང”གི་རྒྱང་ཁྲིད་སློབ་ཁྲིད་ཚོད་ལྟའི་རྣམ་གྲངས་འགོ་ཚུགས་པ་དང་ཡུལ་ཤུལ་ཀྲོའུ་ཨུད་དང་ཀྲོའུ་གྲོང་ཁྱེར་སློབ་གསོ་སྡེ་ཚན་གྱི་འགོ་ཁྲིད་དང་དེ་བཞིན་མཚོ་སྔོན་སྒུལ་བདེ་ཡུལ་ཤུལ་ཡན་ལག་ཀུང་སིའི་འགོ་ཁྲིད་ས་གནས་ས་ཐོག་ཏུ་ལྟ་སྦྱོང་བྱེད་པར་ཡོང་བ་རེད།
           རྣམ་གྲངས་དེ་ལག་བསྟར་བྱས་པ་བརྒྱུད་ཆ་འཕྲིན་ཅན་གྱི་ལག་རྩལ་ལ་བརྟེན་ནས་ཡུལ་ཤུལ་ས་ཁུལ་གྱི་སློབ་གསོའི་ཐོན་ཁུངས་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ་རི་ཁུལ་གྱི་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་ཚོས་ཆ་འཕྲིན་ཅན་གྱི་ལས་སྟེགས་བརྒྱུད་སྤུས་ལེགས་སློབ་གསོ་དུས་ཐོག་ཏུ་དང་ལེན་བྱེད་ཐུབ་པ་དང་། སློབ་མའི་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་བ། སློབ་སྦྱོང་གི་སྤུས་ཚད་མཐོ་རུ་འགྲོ་བ། དགེ་སློབ་ཀྱི་མཐོང་རྒྱ་དང་བསམ་ཕྱོགས་ཆེ་རུ་འགྲོ་བ་བཅས་ཐད་ནུས་པ་གལ་ཆེན་ཐོན་རྒྱུ་རེད།
           ཡུལ་ཤུལ་སྒུལ་བདེས་ཀྲོའུ་ཨུད་དང་ཀྲོའུ་སྲིད་གཞུང་དང་དེ་བཞིན་སློབ་གསོ་སྡེ་ཚན་གྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་འོག་མཉམ་བགྲོད་སློབ་ཚན་ཁྱབ་གདལ་བཏང་བའི་ཉམས་མྱོང་ཀྲོའུ་ཡོངས་ལ་ཁྱབ་གདལ་གཏོང་རྒྱུ་དང་ཉེ་བའི་ལོ་གཅིག་གཉིས་ནང་ཀྲོའུ་ཡོངས་ཀྱི་སློབ་གྲྭ་ཚང་མར་སློབ་གསོ་མཉམ་སྤྱོད་ཐུབ་པ་དང་ཡུལ་ཤུལ་ས་ཁུལ་གྱི་འོས་འགན་སློབ་གསོའི་ཐོན་ཁུངས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།