འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མ་འཇོག་ཁེ་ལས་ཀྱིས་བསྐྲུན་འགན་འཁུར་བའི་ནི་ཀྲེ་ལ་རྡོ་སྣུམ་ལྗིད་རིགས་གློག་
    གཏོང་ས་ཚིགས་དངོས་སུ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ནི་ཡ་མེ་ནས་གནས་ཚུལ་སྤེལ་བར། ཀྲུང་གོ་ཆུ་བེད་ཆུ་གློག་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སིས་བསྐྲུན་འགན་འཁུར་བའི་ནི་ཀྲེར་རྒྱལ་ཁབ་ཀྱི་ཀུའུ་ཧུའུ་པང་ཏའི་རྡོ་སྣུམ་ལྗིད་རིགས་གློག་གཏོང་ས་ཚིགས་རྣམ་གྲངས་ཚེས་2ཉིན་ནི་ཀྲེར་གྱི་རྒྱལ་ས་ནི་ཡ་མེ་རུ་ལས་མཇུག་སྒྲིལ་བའི་མཛད་སྒོ་འཚོགས་པ་དང་ནི་ཀྲེར་གྱི་ཙུང་ཐུང་མ་ཧ་མ་ཏུའུ·དབྱི་སུའུ་ཕུའུ་མཛད་སྒོར་ཕེབས་ཡོད་པ་རེད།
           དབྱི་སུའུ་ཕུའུ་ཡི་ཤིས་ཚིག་ནང་ནི་ཡ་མེ་དང་མཐའ་འཁོར་ས་ཁུལ་དུ་གློག་དཀོན་པོ་ཡོད། ཀྲུང་གོའི་རོགས་རམ་འོག་བསྐྲུན་པའི་གློག་གཏོང་ས་ཚིགས་ཀྱིས་ནི་ཡ་མེ་སོགས་ས་ཁུལ་དུ་གློག་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་ཅིང་། ཁོང་གིས་ནི་ཀྲུང་རྒྱལ་ཁབ་གཉིས་ཀྱི་ལྷག་བསམ་མཉམ་ལས་ལ་ཐུགས་རྗེ་ཞུས་པ་མ་ཟད། ཀྲུང་གོའི་འཛུགས་སྐྲུན་པ་ཚོས་ལས་གནས་བརྟན་སྲུང་དང་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།
          ཀུའུ་ཧུའུ་པང་ཏ་རྡོ་སྣུམ་ལྗིད་རིགས་གློག་གཏོང་ས་ཚིགས་དེ་2013ལོའི་ཟླ་བཞི་པར་དངོས་སུ་བསྐྲུན་འགོ་ཚུགས་པ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་ཀྲའོ་ཝ་100གཏོང་ཐུབ་པ་དང་གློག་ཁང་དེ་ནི་ཀྲེར་སྲིད་གཞུང་དང་། ཨ་ཧྥེ་རི་ཁ་ནུབ་མའི་གསར་སྤེལ་དངུལ་ཁང་། དབྱི་སི་ལམ་གསར་སྤེལ་དངུལ་ཁང་བཅས་ཀྱིས་མ་དངུལ་བཏང་བ་དང་གློག་ཁང་དེར་ཨ་ཧྥེ་རི་ཁ་ནུབ་མའི་ཧྥ་ལང་དུང་ཕྱུར་754(ཨ་སྒོར་དུང་ཕྱུར་1.26དང་མཚུངས་པ)བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།