འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས"རང་སྐྱོང་ལྗོངས་ཡོངས་ཀྱི་ཁག་བཅུ་པའི་གྲགས་ཅན་ཚོང་རྟགས"17
    གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་ཁག་བཅུ་པའི་གྲགས་ཅན་ཚོང་རྟགས་གཏན་འཁེལ་དང་ཁག་བདུན་པའི་གྲགས་ཅན་ཚོང་རྟགས་རྒྱུན་སྲིང་ཞིབ་དཔྱད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱིས་བོད་ལྗོངས་ས་མཐོའི་གཅེས་ནོར་འབྲིའི་འོ་ལས་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས་17གྱིས་ཡིག་ཐོག་སྙན་ཞུ་ཕུལ་བའི“ས་མཐོའི་གཅེས་ནོར”སོགས་ཚོང་རྟགས་17“བོད་རང་སྐྱོང་ལྗོངས་ཀྱི་ཁག་བཅུ་པའི་གྲགས་ཅན་ཚོང་རྟགས”ལ་གཏན་འཁེལ་བྱས་པ་དང་། བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་བཟོ་གྲྭའི“ལྷ་ཆུའི་བོད་སྨན”སོགས་ཁེ་ལས་15ཡི་བོད་རང་སྐྱོང་ལྗོངས་ཀྱི་ཁག་བདུན་པའི་གྲགས་ཅན་ཚོང་རྟགས་16རྒྱུན་སྲིང་གཏན་འཁེལ་བྱ་རྒྱུའི་མོས་མཐུན་བྱས་པ་རེད། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་སྨྱན་སྦྱོར་བརྒྱུད་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ཞུ་དགོས།
             བསྡོམས་རྩིས་བརྒྱབ་པར་གཞིགས་ན། ན་ནིང་ལོ་མཇུག་བར་ལྗོངས་ཡོངས་ཀྱིས་ཚོང་རྟགས་8797ནུས་ལྡན་ངང་ཐོ་འགོད་བྱས་པ་དེ་2013ལོའི་ལོ་མཇུག་གི་3667ལས་140%འཕར་ནས་ཉེ་བའི་ལོ་གསུམ་ནང་ཆ་སྙོམས་34.1%འཕར་བ་དང་། ལྗོངས་ཡོངས་སུ་གྲགས་ཅན་ཚོང་རྟགས་119ཟིན་པ་དེ་2013ལོའི་ལོ་མཇུག་ལས་72མང་དུ་ཕྱིན་ནས་39.5%འཕར་ཡོད་པ་རེད། གཞན་ཡང་ཀྲུང་གོའི་གྲགས་ཅན་ཚོང་རྟགས་དང་ས་གཤིས་མཚོན་རྟགས་ཀྱི་ཚོང་རྟགས་སོགས་ཀྱང་འཕེལ་རྒྱས་ངེས་ཅན་ཕྱིན་ཡོད། ཀྲུང་ཧྭ་ཚོང་རྟགས་མཐུན་ཚོགས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་ལེ་ལག་ཚང་བའི་བྱེད་ཐབས་བཏོན་ནས་ལོ་གསུམ་ནང་ཁེ་ལས་དང་སྤུས་རྟགས་30ལྷག་ཙམ་སྒྲིག་འཛུགས་བྱས་ནས་ལྗོངས་ཕྱིར་འགྲེམས་སྟོན་བྱས་པས་ཚོང་རྟགས་ཀྱི་གཟུགས་བརྙན་མངོན་པ་དང་ཤུགས་རྐྱེན་ཆེ་རུ་ཕྱིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།