འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་ཚྭ་ཁ་མཛེས་ལྗོངས་ཁུལ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། 2008ལོར་ཡུལ་སྐོར་བ་8000ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་40ལྷག་ཙམ་བྱུང་བ་དང་2015ལོའི་ཟླ་10པར་ཀུང་སིས་མ་དངུལ་སྒོར་དུང་ཕྱུར་3བཏང་ནས་འཆར་འགོད་ལྟར་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་འཛུགས་སྐྲུན་བྱས་ཡོད། 2016ལོར་བཀག་སྡོམ་རྣམ་པའི་འཛུགས་སྐྲུན་བྱས་ནས་མིག་སྔའི་བར་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་སྤ་སེ་ཉོ་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་195ལྷག་ཙམ་ལ་སྣེ་ལེན་ཞུས་པའི་ནང་ཉིན་གཅིག་ལ་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་མི་གྲངས་མང་ཤོས་ནི་ཁྲི་4.2ཡིན་པ་རེད། འདི་ནི་མཁའ་དབྱིངས་ཀྱི་ཆུ་ཤེལ་ལྟ་བུར་གྲགས་པའི་ཚྭ་ཁའི་མཛེས་ལྗོངས་ཁུལ་གྱིས་མཚོ་སྔོན་ཡུལ་སྐོར་ལ་བཏོད་པའི་ངོ་མཚར་གསར་པ་ཞིག་རེད།
          2008ལོར་A3རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་བདམས་པའི་ཚྭ་ཁར་སྔོན་ཆད་ལོ་རེར་ཡུལ་སྐོར་བ་སྣེ་ལེན་ཞུ་གྲངས་མི་ཐེངས་8000ཡང་ཟིན་གྱི་མེད། ལོ་ཤས་ཕྱིན་རྗེས་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་དང་ཡོང་འབབ་གཉིས་ཀ་ཁྲི་བརྒྱའི་འགག་སྒོ་ལས་སྒྲོལ་བ་མ་ཟད། རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ནང་ཚུད་ཡོད། ཚྭ་ཁ་མཛེས་ལྗོངས་ཁུལ་འཕེལ་རྒྱས་དེ་ལྟ་བུ་འགྲོ་དོན་ནི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་དང་སྣེ་ལེན་ཞུ་བའི་ནུས་པ་ཆེ་རུ་ཕྱིན་པས་ཡིན། འགོ་འཛུགས་ས་གསར་པའི་ཐོག་ཚྭ་ཁ་མཛེས་ལྗོངས་ཁུལ་གྱིས་ངར་ཤུགས་གཅིག་ཏུ་སྒྲིལ་ནས་སླར་ཡང་འབྲས་བཟང་གཏོད་རྒྱུ་རེད།
           “2017ལོར་མ་དངུལ་སྒོར་ཁྲི་5000ལྷག་ཙམ་གཏོང་རྒྱུ་ཡིན་པ་དེ་དག་གཙོ་བོ་རྣམ་གྲངས་གསར་སྤེལ་དང་ཁྱད་ལྡན་ཚྭའི་རིག་གནས་ཡུལ་སྐོར་གྱི་དྲན་རྟེན་དངོས་པོ་གསར་སྤེལ་བྱེད་པར་སྤྱོད་རྒྱུ་རེད” མཚོ་སྔོན་ཚྭ་ཁ་རིག་གནས་ཡུལ་སྐོར་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་མཛེས་ལྗོངས་ཁུལ་གྱིས་གཙོ་གནད་ཐོག་ལྕགས་ལམ་རང་འགུལ་ཅན་གྱི་བྱ་རིམ་ཚོད་འཛིན་ལས་གྲྭ་འཛུགས་སྐྲུན་བྱས་ནས་སྐར་མ་བཅུ་རེར་མེ་འཁོར་ཐེངས་གཅིག་གཏོང་ཐུབ་པ་བྱ་རྒྱུ་དང་། ཚྭ་མཚེའུ་ཡི་རྐང་ཐང་ལམ་རྒྱ་ཆེ་རུ་བཏང་ནས་གློག་སྒུལ་རླངས་འཁོར་དང་ཡུལ་སྐོར་བ་འགྲོ་ས་ལོགས་སུ་དབྱེ་རྒྱུ། སྤྲོ་འཆམ་གྲུ་གཟིངས་ཀྱི་གྲུ་ཁའི་རྣམ་གྲངས་དང་ཆུ་ཐོག་གི་རོལ་རྩེད་རྣམ་གྲངས་ལག་ལེན་བསྟར་རྒྱུ། ཚྭ་མཚེའུ་ཡི་ཤིང་ཟམ་རྒྱ་ཆེ་རུ་དང་ཆུ་འགྲམ་སྟེགས་བུ་ཆེ་རུ་གཏོང་རྒྱུ། ཚྭ་མཚེའུ་ཡི་འདམ་རའི་རྣམ་གྲངས་ལག་ལེན་བསྟར་ནས་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་སྲུང་སྐྱོང་བྱ་རྒྱུ། མཛེས་ལྗོངས་ཁུལ་གྱི་བློ་གྲོས་ཡུལ་སྐོར་འདུ་འགོད་ལག་ལེན་བསྟར་ཏེ་དྲ་ཐོག་ཡུལ་སྐོར་བྱ་སྤྱོད་སྤེལ་ནས་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།