འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕར་བའི་སྒུལ་བྱེད་
    འཕྲུལ་འཁོར་སྐྱེད་སྲིང་བྱེད་པ།

    —— ཀྲུང་གོས་ཧོ་པེ་ཞུང་ཨན་ཁུལ་གསར་འཛུགས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྡ་ཐོ་བཏང་ནས་ཧོ་པེ་ཞུང་ཨན་ཁུལ་གསར་འཛུགས་རྒྱུའི་གཏན་འབེབས་བྱས་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་རང་བཞིན་གྱི་འཐབ་ཇུས་གདམ་ག་འགངས་ཆེན་གནང་བ་ཞིག་ཡིན་པ་དང་དེ་ནི་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་དང་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་བཙུགས་རྗེས་ཀྱི་རྒྱལ་ཡོངས་ཀྱི་དོན་སྙིང་ལྡན་པའི་ཁུལ་གསར་གཞན་ཞིག་རེད།
            རྒྱལ་ཁབ་མང་པོའི་སྨྱན་སྦྱོར་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གིས་ཞུང་ཨན་ཁུལ་གསར་འཛུགས་པར་དོ་ཁུར་ཆེན་པོ་བྱེད་པ་དང་འབྲེལ་དེ་ནི་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་བྱེད་ཐབས་འགངས་ཆེན་ཞིག་ཡིན་ཞིང་། པེ་ཅིང་གི་གྲོང་ཁྱེར་ཆེ་མོའི་ཁུར་པོ་ཡང་དུ་གཏོང་བ་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ས་ཁོངས་གཞི་གཅིག་ཅན་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། ཀྲུང་གོར་དཔལ་འབྱོར་འཕར་གཞི་གསར་པ་སྐྲུན་རྒྱུ་ཡིན་པས་དེ་ནི་དུས་བསྟུན་འཕེལ་རྒྱས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
           འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཙུགས་ནས་པེ་ཅིང་གི་རྒྱལ་སའི་ནུས་པ་མིན་པའི་བྱེད་ལས་ཁ་འགྲེམ་པ།
          ཧིན་རྡུ་ཉི་ཞི་ཡའི་ཇུས་འདོན་ཚོགས་པ་ཨེ་ཤེ་ཡའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་པན་པང·སུར་གཡོད་ནུའོ་ཡིས་པེ་ཅིང་འདི་ཉིད་ལོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་གྲོང་ཁྱེར་ཆེན་པོ་མང་པོ་དང་འདྲ་བར་འགྲིམ་འགྲུལ་གུ་དོག་པ་སོགས“གྲོང་ཁྱེར་གྱི་གནད་དོན”འཕྲད་ཡོད། ཞུང་ཨན་ཁུལ་གསར་འཛུགས་པ་དང་གསར་གཏོད་དང་སྡོད་མལ་ལ་འཚམ་པའི་གྲོང་ཁྱེར་འཛུགས་རྒྱུ་དེས་པེ་ཅིང་གི་ཁུར་པོ་ཡང་དུ་གཏོང་རྒྱུར་ཕན་པ་ཆེན་པོ་ཡོད་ཅེས་བཤད་པ་རེད།
          རྒྱ་གར་གྱི་ཚགས་པར་ལས་རིགས་ཐུའོ་ལ་སི་དྲ་ཚིགས་ཀྱིས་གནས་ཚུལ་སྤེལ་ནས་ཞུང་ཨན་ཁུལ་གསར་འཛུགས་པའི་དམིགས་ཡུལ་ནི་འགྲིམ་འགྲུལ་གུ་ཡངས་སུ་གཏོང་བ་དང་སྦགས་བཙོག་བཅོས་སྐྱོང་བྱེད་པ་དང་འབྲེལ་པེ་ཅིང་གི་རྒྱལ་སའི་ནུས་པ་མ་ཡིན་པའི་བྱེད་ལས་ཁ་འགྲེམ་ཆེད་ཡིན་ཞིང་། དེ་ནི་ཀྲུང་གོས“གྲོང་ཁྱེར་གྱི་གནད་དོན”ཚབས་ཆེན་བཅོས་སྐྱོང་བྱེད་པར་འབད་བརྩོན་གསར་ཤོས་བྱས་པ་ཞིག་ཡིན་པ་དང་ཀྲུང་གོས་ས་ཁུལ་དེ་དཔལ་འབྱོར་གྱི་འཕར་སྣེ་གསར་པར་འཕེལ་རྒྱས་གཏོང་རེ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ཁེན་ནི་ཡའི་ཇུས་མཛོད་ཨ་ཧྥེ་རི་ཁའི་དམངས་གཙོ་དང་འགོ་ཁྲིད་ནུས་པ་ཞིབ་འཇུག་ཁང་གི་ལག་བསྟར་ཀྲུའུ་རེན་ཏན་ཉི་སི·ཁོའོ་ཏིས་ཁུལ་གསར་གྱིས་པེ་ཅིང་གི་མི་འབོར་དང་། འགྲིམ་འགྲུལ། ཐོན་ཁུངས་སོགས་ཐད་ཀྱི་གནོན་ཤུགས་ཆུང་དུ་ཆེས་ཆེར་གཏོང་རྒྱུ་དང་དུས་མཚུངས་པེ་ཅིང་མཐའ་འཁོར་ས་ཁུལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་རྒྱུ་ཡིན་པ་དེས་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་མགྱོགས་མྱུར་འགྱུར་བའི་འཕེལ་རིམ་བརྒྱུད་བཞིན་ཡོད་པ་དང་ཞུང་ཨན་ཁུལ་གསར་འཛུགས་པ་དེས་ཨ་ཧྥེ་རི་ཁའི་གྲོང་ཁྱེར་གྱི་འབྱུང་འགྱུར་གྱི་རྒྱུན་སྲིང་འཕེལ་རྒྱས་ལ་དཔྱད་གཞི་མཁོ་འདོན་ཐུབ་རེ་ཡོད་ཅེས་བཤད་པ་རེད།
          པར་ཙིར་གྱི་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལུང་ཉེ·ལིན་སིས་གྲོང་ཁྱེར་ཆེན་པོ་འཕེལ་ཐལ་ཆེ་བའི་བཀག་འགོག་བྱ་རྒྱུ་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕྲད་པའི་གནད་དོན་ཡིན་པ་དང་ཀྲུང་གོ་སྲིད་གཞུང་གིས་གྲོང་ཁྱེར་ཆེན་པོ་འཕེལ་རྒྱས་ཀྱི་དཔེ་དབྱིབས་གསར་པ་གསར་འབྱེད་ཧུར་ཐག་བྱས་ནས་པེ་ཅིང་དང་ཐེན་ཅིན་སོགས་གྲོང་ཁྱེར་ཆེན་པོའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཐོན་ཁུངས་སྤྱད་དེ་གྲོང་ཁྱེར་ཆེན་པོའི་ནུས་པ་ཁག་བགོས་བྱས་ནས་གྲོང་ཁྱེར་གྱི་གནོན་ཤུགས་ཆུང་དུ་གཏོང་རྒྱུ་དེས་གྲོང་ཁྱེར་ཆེན་པོའི་ཁོར་ཡུག་གནད་དོན་ཐག་གཅོད་ཐུབ་རྒྱུ་མ་ཟད། མཐའ་འཁོར་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པ་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་རིན་ཐང་ལྡན་པའི་དཔྱད་གཞི་ཁ་ཤས་མཁོ་འདོན་ཐུབ་རྒྱུ་རེད་ཅེས་བཤད།
          དཔེ་སྟོན་ཁུལ་གསར་གཏོད་འཕེལ་རྒྱས་བཏང་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་གྲོང་ཁྱེར་གྱི་བཀོད་པ་ལེགས་སུ་གཏོང་བ།
          ཨ་རིའི་པིང་ཤིས་ཧྥ་ཉི་ཡ་ཀྲོའུ་པ་ཁེ་ནེར་སློབ་ཆེན་གྱི་ཆབ་སྲིད་རིག་པའི་དགེ་རྒན་ཆེ་མོ་བ་ཀྲུའུ་ཀྲི་ཆུན་གྱིས་ཞུང་ཨན་ཁུལ་གསར་འཛུགས་པ་དེ་ནི་ཀྲུང་གོའི་འབྱུང་འགྱུར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་བྱེད་ཐབས་འགངས་ཆེན་ཞིག་ཡིན། ཞུང་ཨན་ཁུལ་གསར་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གཞི་གཅིག་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུ་དང་འབྲེལ་ཀྲུང་གོའི་བྱང་རྒྱུད་ས་ཁུལ་ཡོངས་མགྱོགས་མྱུར་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
          སིང་ཀ་ཕོར་ནན་དབྱང་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་གི་ཡོན་ཀྲང་ཞུའི་ཀྲེན་དབྱིས་ཀྱིས་ཀྲུང་གོའི་ཏང་ཀྲུང་དབྱང་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཆོད་སེམས་ཆེན་པོའི་ཐོག་ནས་དཔལ་འབྱོར་ཅུང་རྗེས་ལུས་ཡིན་པའི་ས་ཁུལ་འཕེལ་རྒྱས་གཏོང་ཆེད་ལྗང་མདོག་རིག་ལྡན་གྲོང་ཁྱེར་ཞིག་བཙུགས་ཡོད། ཞུང་ཨན་ཁུལ་གསར་བཙུགས་པ་དེས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་དང་འབྲེལ་པོ་ཧེ་རྒྱ་མཚོའི་མཐའ་འཁོར་ས་ཁུལ་གྱི་མཐའ་འཁོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡོད་ཅེས་བཤད་པ་རེད།
          ཐེ་ལན་ཁེ་ཐེ་ཞིབ་འཇུག་ལྟེ་གནས་རྒྱ་ཡིག་པུའི་ཀྲུའུ་རེན་ཧོང་པིན་གྱིས་ཞུང་ཨན་ཁུལ་གསར་བཙུགས་པ་དེ་ནི་ཀྲུང་གོའི་འགོ་ཁྲིད་ཀྱི་འཐབ་ཇུས་མིག་རྒྱང་ལྡན་པའི་བཀོད་སྒྲིག་འགངས་ཆེན་ཞིག་ཡིན། ཁུལ་གསར་དང་པེ་ཅིང་དང་ཐེན་ཅིན་དབར་ཟུར་གསུམ་ཁུལ་ཞིག་ཆགས་པ་བྱས་ནས་ནུས་པའི་ཐད་ཁག་བགོས་གསབ་རེས་ཐུབ་སྟེ་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་ཐ་ན་ཀྲུང་གོའི་བྱང་རྒྱུད་ས་ཁུལ་གྱི་འཕེལ་རྒྱས་ལ་བར་མཐོངས་གསར་རྐྱང་ཞིག་བཏོད་དེ་ཀྲུང་གོའི་གྲོང་ཁྱེར་ཅན་འཕེལ་རྒྱས་ལ་དཔེ་དབྱིབས་གསར་རྐྱང་ཞིག་འཚོལ་ཞིབ་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།
          ཕྱི་ཕྱོགས་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་ནས་དཔལ་འབྱོར་འཕར་བའི་སྒུལ་བྱེད་འཕྲུལ་འཁོར་སྐྱེད་སྲིང་བྱེད་པ།
          ཧན་གོའི“དེང་གི་ཨེ་ཤེ་ཡའི”དྲ་ཚིགས་ཐོག་རྩོམ་ཡིག་སྤེལ་ནས་ཀྲུང་གོའི་དཔལ་འབྱོར་ཁུལ་གསར་དང་། དཔལ་འབྱོར་དམིགས་བསལ་ཁུལ། རང་མོས་ཚོང་དོན་ཁུལ་བཅས་ཆེ་གྲས་ཀྱིས་སླད་ཕྱིན་ཀྲུང་གོའི་ས་ཁོངས་ཡོངས་ཀྱི་དཔལ་འབྱོར་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་རྒྱུ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་སྐུལ་འདེད་བཏང་ནས་ཀྲུང་གོ་འདི་ཉིད་དུས་རབས་21པའི་དཔལ་འབྱོར་སྟོབས་ཆེའི་རྒྱལ་ཁབ་ཏུ་སྔ་ཙམ་འགྱུར་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་པ་རེད།
          པན་པང·སུར་གཡོད་ནུའོ་ཡིས་སྒྱུར་བཅོས་སྒོ་དབྱེ་བྱས་པས་ཀྲུང་གོའི་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་འགོ་ཚུགས་མོད། འོན་ཀྱང་གནད་དོན་ཡང་མང་དག་ཅིག་ཐོན་ཡོད། ཞུང་ཨན་ཁུལ་གསར་འཛུགས་རྒྱུ་ནི་ཀྲུང་གོས་མུ་མཐུད་སྒྱུར་བཅོས་དང་གནད་དོན་ཐག་གཅོད་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་དུས་བསྟུན་འཕེལ་རྒྱས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་གསར་གཏོད་གལ་ཆེན་ཞིག་ཀྱང་ཡིན་པས་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་སྒྲིག་གཞི་མང་པོས་སློབ་སྦྱོང་བྱེད་རིན་ཡོད་པ་ཞིག་རེད་ཅེས་བསྟན་ཡོད།
          ལུང་ཉེ·ལིན་སིས་ལོ་མང་རིང་ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ཁུལ་དང་ཧྲང་ཧའེ་ཕུའུ་ཏུང་ཁུལ་གསར་འཛུགས་སྐྲུན་བྱས་པ་བརྒྱུད་ཀྲུང་གོའི་འཕེལ་རྒྱས་ཀྱི་ལྟེ་གནས་ཁུལ་དུ་རིམ་བཞིན་གྱུར་ཡོད། དེའི་ཐད་ཀྱི་ཀྲུང་གོ་སྲིད་གཞུང་གི་དཔའ་སྟོབས་དང་བློ་ཐག་ཆོད་པའི་སྔོན་དཔེ་གྲུབ་འབྲས་ཐོན་པ་ཡོད་པས་ཞུང་ཨན་ཁུལ་གསར་འདི་ཉིད་འཛམ་གླིང་གིས་ཀྲུང་གོ་ཤེས་རྟོགས་བྱེད་པ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཐོང་ཐུབ་པ་བྱེད་པའི་སྐར་ཁུང་གསར་པར་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།