འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་ཀྱི་གཙོ་གནད་དེ་གཞི་རིམ་ལ་ཤུགས་སྣོན་
    རྒྱག་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱས་ནས་ཞབས་
    འདེགས་ཞུ་རྒྱུ་དེ་ཡིན་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་05ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ལི་ཡོན་ཁྲའོ་ཡིས་མཚོ་སྔོན་གྱི་མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གཞི་རིམ་གྱི་མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་མང་ཚོགས་དང་ཐད་ཀར་འབྲེལ་བ་བྱས་ནས་ཞབས་འདེགས་ཞུས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་བྱ་རྒྱུ་དེ་གཞི་རིམ་ལ་དོན་འཁྱོལ་དང་མང་ཚོགས་ཁྲོད་ཕན་འབྲས་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།
           ལི་ཡོན་ཁྲའོ་མཚོ་ནུབ་ཀྲོའུ་གཏེར་ལེན་ཁ་རུ་བརྟག་ཞིབ་གནང་བར་ཕེབས་ཡོད། ཚྭ་འདམ་གཞོན་ནུའི་ལས་གཏོད་ཁྲོམ་གཞུང་དུ་ཁོང་གིས་གཞོན་ནུའི་ལས་གཏོད་རྣམ་གྲངས་ལ་རྟོག་ཞིབ་གནང་ནས་སྡེ་ཚོགས་རྩ་འཛུགས་ཀྱིས་གཞོན་ནུའི་ལས་གཏོད་ཆེད་གསོ་སྦྱོང་དང་། ས་ཆ། མ་དངུལ་སོགས་ཐད་ནས་རྒྱབ་སྐྱོར་མང་ཙམ་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད། ལོ་ཆུང་གདོང་ལེན་རུ་མིའི་བྱེད་སྒོར་གཟིགས་སྐབས་ཁོང་གིས་སློབ་མ་ཚོར་སྤོ་བོ་ཞི་ཅིན་ཕིང་ལགས་ཀྱི་བཀའ་སློབ་བློ་ལ་བརྟན་པོར་བཅངས་ཐོག་སློབ་སྦྱོང་ཡག་པོ་བྱེད་པ་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ཡོང་བ་བྱས་ནས་ཆེན་པོ་ཆགས་རྗེས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་ཞིག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད། ལི་ཡོན་ཁྲའོ་ཟི་ལིང་དུ་བརྟག་ཞིབ་གནང་བར་ཕེབས་ཡོད། མཚོ་སྔོན་སློབ་ཆེན་དུ་ཁོང་གིས་སྡེ་ཚོགས་ཨུ་ལྷན་གྱིས་སྐད་འཕྲིན་བརྒྱུད་ཚོགས་མི་སློབ་མ་ཁྲི་1.6དང་འབྲེལ་བ་བྱས་པར་བསྔགས་བརྗོད་གནང་བ་མ་ཟད། དྲ་ཐོག་གི་གུང་གཞོན་སྡེ་ཚོགས་གང་མགྱོགས་བཙུགས་ནས་གུང་གཞོན་སྡེ་ཚོགས་འཕེལ་རྒྱས་ཆེད་དྲ་སྦྲེལ་གྱི་ནུས་པ་འདོན་སྤེལ་ཐུབ་རྒྱུའི་ཐུགས་རེ་གནང་བ་རེད། མཚོ་སྔོན་གཞོན་ནུའི་ལས་གཏོད་གླིང་དུ་ཁོང་གིས་དེང་རབས་ཀྱི་གཞོན་ནུ་ཚོས་གསར་གཏོད་ལས་གཏོད་ཀྱི་དུས་རབས་བཟང་པོའི་རྗེས་ཟིན་ཡོད་པས་ཚང་མས་དུས་རབས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་ཁེ་ལས་མཁས་ཅན་མི་རབས་གསར་པར་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། ཤིན་ཧའེ་ལམ་ཁྲོམ་གཞུང་དུ་ཁོང་གིས་གཞི་རིམ་ལས་བྱེད་པས་ལག་ཐོགས་ཁ་པར་གྱི་APPསྤྱད་དེ་ཏང་ཡོན་དང་འབྲེལ་བ་བྱེད་བཞིན་ཡོད་པ་གཟིགས་སྐབས“དྲ་ཐོག་གི་ཏང་འཛུགས་སྐྱོང”གཞི་རིམ་དུ་དོན་འཁྱོལ་བྱུང་ནས་ཐད་ཀར་མང་ཚོགས་དང་འབྲེལ་བ་བྱས་ཏེ་ཞབས་འདེགས་ཞུ་བའི་ཐབས་ལམ་གསར་པ་གསར་འབྱེད་ཐུབ་པར་བསྔགས་བརྗོད་གནང་བ་རེད།
           ལི་ཡོན་ཁྲའོ་ཡིས་ཟི་ལིང་དུ་མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་བརྟག་ཞིབ་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ས་གནས་ཏང་ཨུད་དང་གཞི་རིམ་གྱི་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་བྱེད་པའི་བསམ་འཆར་གསན་ཞིང་། ཁོང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་བྱེད་པར་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ཚོགས་པའི་རྩ་འཛུགས་དང་ལས་ཀའི་ཆབ་སྲིད་རང་བཞིན་དང་། སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་དང་ཆེ་རུ་གཏོང་དགོས། གཞི་རིམ་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་ནས་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག་གཞི་རིམ་གྱི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཡུལ་ས་མཉམ་བསྐྲུན་མཉམ་སྤྱོད་བྱས་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་གཞི་རིམ་ལ་སྒྲིག་ཁུངས་མི་འདང་བ་དང་། གྲོན་དངུལ་མི་འདང་བ། གཞུང་ལས་ཁང་མི་འདང་བ། ལས་དོན་པ་མི་འདང་བ་བཅས་ཀྱི་སྣང་ཚུལ་ཐག་གཅོད་བྱེད་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་བཏང་ནས་ཐད་ཀར་མང་ཚོགས་དང་འབྲེལ་བ་བྱས་ཏེ་ཞབས་འདེགས་ཞུ་བའི་ལམ་ལུགས་འཛུགས་དགོས། དྲ་ཐོག་གི་མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་དྲ་ཐོག་ནས་འབྲེལ་གཏུག་དང་། དྲ་ཐོག་ནས་ཞབས་ཞུ། དྲ་ཐོག་ནས་ཁྲིད་སྟོན། དྲ་ཐོག་ནས་སྐུལ་སློང་བཅས་བྱེད་དགོས། ཏང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་ལ་འགོ་ཁྲིད་ཀྱི་ལས་ཀའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་དུ་ཏང་འཛུགས་སྐྱོང་གིས་མང་ཚོགས་ཚོགས་པའི་རྩ་འཛུགས་འཛུགས་སྐྱོང་གི་སྣེ་ཁྲིད་པ་དང་ཏང་དང་མང་ཚོགས་དབར་མཉམ་སྐྲུན་གྱི་ནུས་ལྡན་ལམ་སྲོལ་གྲུབ་པ་བྱས་ནས་མང་ཚོགས་ཚོགས་པའི་རྩ་འཛུགས་སྒྱུར་བཅོས་དེ་གོང་ནས་འོག་བར་གཞི་རིམ་དུ་དོན་འཁྱོལ་ཐུབ་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།