འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས་ཟླ་4ཚེས་1ཉིན་ནས་བཟུང་《རང་སྐྱོང་ལྗོངས་ཀྱི་ཐལ་སྐྱོད་བྱེད་སྤྱོད་
    མེད་པ་བཟོ་བའི་སྲོལ་ཡིག་》ལག་བསྟར་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་དོན་ཐིང་གིས་ཚེས་30ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཐལ་སྐྱོད་བྱེད་སྤྱོད་མེད་པ་བཟོ་བའི་སྲོལ་ཡིག་》(གཤམ་ལ་《སྲོལ་ཡིག་》ཅེས་བསྡུ་རྒྱུ)2017ལོའི་ཟླ་4ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲཌ་བྱས་པ་རེད།
        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཆོས་ལུགས་ལས་དོན་སྲོལ་ཡིག་》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བརྒྱད་པས་2017ལོའི་ཟླ་3ཚེས་29ཉིན་《སྲོལ་ཡིག་》དེར་གྲོས་འཆམ་བྱུང་ནས་བཟོས་པར་བསྡོམས་ལེའུ་7ཡོད་པ་དེ་ནི་ཤིན་ཅང་གི་ཐལ་སྐྱོད་བྱེད་སྤྱོད་མེད་པ་བཟོ་བའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་ཡིན་པ་རེད།
         《སྲོལ་ཡིག་》དེའི་ནང་ཐལ་སྐྱོད་བྱེད་སྤྱོད་མེད་པ་བཟོ་བ་དེ་མི་རིགས་ཀྱི་གོམས་གཤིས་དང་། རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་བཅས་དང་ཐལ་སྐྱོད་བྱེད་སྤྱོད་དབར་གྱི་དབྱེ་མཚམས་ཁོང་དུ་ཆུད་པ་བྱས་ཏེ་ངོ་བོ་དང་རིགས་དབྱེ་ནས་ལག་བསྟར་བྱས་ཏེ་མང་ཆེ་བར་མཐུན་སྒྲིལ་སློབ་གསོ་གཏོང་བ་དང་ཆེས་ཉུང་ཤས་ལ་ཁེར་འབུད་རྡུང་རྡེག་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ལུགས་བཏོན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།