འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོར་ཡུག་ཐོན་ཁུངས་ལ་གཏོར་སྐྱོན་གཏོང་བའི་ཉེས་གསོག་ལ་ཆེད་དམིགས་གྱོད་དོན་ཐོ་
    འགོད་དང་ལྟ་སྐུལ་བྱ་རྒྱུའི་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རེས་སྐོར་གསར་པའི་ཁོར་ཡུག་ཐོན་ཁུངས་ལ་གཏོར་སྐྱོན་གཏོང་བའི་ཉེས་གསོག་ལ་ཆེད་དམིགས་གྱོད་དོན་ཐོ་འགོད་དང་ལྟ་སྐུལ་བྱ་རྒྱུའི་བཀོད་སྒྲིག་བྱས་ཤིང་། རེས་སྐོར་དེའི་ཉེས་གསོག་ལ་ཆེད་དམིགས་གྱོད་དོན་ཐོ་འགོད་དང་ལྟ་སྐུལ་བྱེད་སྒོར་ལྟ་སྐུལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གནད་དོན་ཚབས་ཆེན་གྱི་ཁྱབ་ཁོངས་དང་ཤུགས་རྐྱེན་ཆེ་བའི་གྱོད་གཞིར་དམ་པོར་དམིགས་ཏེ་མི་དམངས་མང་ཚོགས་ཀྱི་བསམ་འཆར་ཆེ་བའི་མཁའ་རླུང་དང་ཆུ་ཁོངས་སོགས་ཐད་ཀྱི་ཉེས་གསོག་ལ་གཙོ་གནད་ཐོག་ལྟ་སྐུལ་དང་གཙོ་གནད་ས་ཁོངས་དང་ལྷག་པར་དུ་སྦགས་བཙོག་ཆེ་བའི་པེ་ཅིང་དང་། ཐེན་ཅིན། ཧོ་པེ། འབྲི་ཆུའི་ཟུར་གསུམ། ཀྲུང་གོའི་ཤར་རྒྱུད་ཞིང་ཆེན་གསུམ། འབྲི་ཆུ་རྒྱུག་ཤུལ་བཅས་ལ་དམ་འཛིན་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོའི་ཟླ་3པ་ནས་2016ལོའི་ཟླ་12པའི་བར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁོར་ཡུག་ཐོན་ཁུངས་ལ་གཏོར་སྐྱོན་གཏོང་བའི་ཉེས་གསོག་ལ་ཆེད་དམིགས་གྱོད་དོན་ཐོ་འགོད་དང་ལྟ་སྐུལ་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱལ་ཡོངས་ཀྱི་རིམ་ཁག་ཞིབ་དཔྱོད་ལས་ཁུངས་ཀྱིས་སྲིད་འཛིན་ཁྲིམས་འཛིན་ལས་ཁུངས་ལ་ཁོར་ཡུག་ཐོན་ཁུངས་ལ་གཏོར་སྐྱོན་བཏང་བའི་གྱོད་གཞི་3868དང་མི་4982རྩིས་སྤྲད་པ་དང་ལྟ་སྐུལ་དོ་དམ་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་གསོག་དོགས་ཅན་གྱི་གྱོད་གཞི་4017དང་མི་4853ལ་གྱོད་དོན་ཐོ་འགོད་བྱས་ནས་མྱུལ་ཞིབ་བྱས་པ། དེ་དང་དུས་མཚུངས་ལས་ཐོག་ཉེས་གསོག་གྱོད་གཞིའི་ཁུངས་སྣེ་171དང་མི་246ཤེས་རྟོགས་ཐུབ་ནས་རྩིས་སྤྲད་པ། གྱོད་གཞི་158དང་མི་271གྱོད་དོན་ཐོ་འགོད་བྱས་པ། དེའི་རིང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་ཁེར་རྐྱང་བྱས་པའམ་ཡང་ན་སྤྱི་བདེ་ལས་ཁུངས་དང་ཁོར་ཡུག་པུའུ་དང་མཉམ་འབྲེལ་ཐོག་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ཁག་9ཡི་གྱོད་གཞི་62སྒོ་བྱང་བཀལ་ནས་བསྒྲུབ་རྒྱུར་ལྟ་སྐུལ་བྱས་པས་ཉེས་གསོག་ཟིལ་གྱིས་གནོན་ཡོད། ལྷག་པར་དུ་2017ལོའི་ཟླ་དང་པོར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁོར་ཡུག་སྲུང་སྐྱོང་པུའུ་དང་སྤྱི་བདེ་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་《ཁོར་ཡུག་སྲུང་སྐྱོང་སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་མཐུད་ལས་དོན་བྱ་ཐབས་》བཏོན་པ་དེས“ཁུངས་སྣེ་འཚོལ་དཀའ་བ་དང་། གྱོད་དོན་ཐོ་འགོད་ལྟ་སྐུལ་དཀའ་བ། ལྟ་སྐུལ་ཐག་གཅོད་དཀའ་བ”བཅས་ཐག་གཅོད་བྱས་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་མཉམ་ཤུགས་ཆགས་རྒྱུར་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད།
         དེང་སྐབས་ཁོར་ཡུག་ཐོན་ཁུངས་ཁྱབ་ཁོངས་ལ་ལྷག་པའི་གནོད་དོན་སྔར་བཞིན་ཚབས་ཆེན་པོ་ཡོད་པས་མང་ཚོགས་ཀྱི་རེ་འབོད་མཐོ་པོ་ཡོད། དེར་བརྟེན། ཆེས་མཐོའི་ཞིབ་དཔྱོད་ཁང་གིས་2017ལོའི་ཟླ་1ནས་2018ལོའི་ཟླ་12བར་ཁོར་ཡུག་ཐོན་ཁུངས་ལ་གཏོར་སྐྱོན་གཏོང་བའི་ཉེས་གསོག་ལ་ཆེད་དོན་གྱོད་དོན་ཐོ་འགོད་དང་ལྟ་སྐུལ་བྱེད་སྒོ་མུ་མཐུད་སྤེལ་ཏེ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་མི་སེར་གྱི་དོ་ཁུར་བྱས་པར་ལན་ཡོད་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།