འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་སློབ་ཆེན་གྱིས་གཙོ་སྦྱོང་སློབ་ཚན་དང་ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་
    སློབ་ཚན་ཆེད་མངགས་དབྱེ་བ་འབྱེད་རྒྱུ་མིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། གསར་འགོད་པས་པེ་ཅིང་སློབ་ཆེན་ནས་ཤེས་རྟོགས་བྱས་པར། པེ་ཅིང་སློབ་ཆེན་གྱིས་འདི་ལོ་ནས་བཟུང་། ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་གི་དོ་དམ་བྱ་ཐབས་གསར་པ་བཏོན་ནས་གཙོ་སྦྱོང་སློབ་ཚན་དང་ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་སློབ་ཚན་ཆེད་མངགས་དབྱེ་བ་འབྱེད་རྒྱུ་མིན་པ་དང་། ཟུར་སྦྱོང་བྱེད་མཁན་སློབ་མས་ཟུར་སྦྱོང་བྱེད་པའི་སློབ་ཚན་ཚང་མ་ཆེད་ལས་གཙོ་སྦྱོང་སློབ་མས་སྦྱོང་དགོས་པའི་ཆེད་ལས་ཀྱི་རྨང་གཞིའི་སློབ་ཚན་དང་ཆེད་ལས་ཀྱི་ལྟེ་བའི་སློབ་ཚན་རེད། (ཡོན་ཚད་ཀྱི་ཐོབ་ཐང་གཉིས་ཡོད་པའི་རྣམ་གྲངས་ཀྱིས་རྨང་གཞི་དེའི་ཐོག་ཆེད་ལས་ཀྱི་འདེམས་སྦྱོང་སློབ་ཚན་སྦྱོང་དགོས་) ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་དང་གཙོ་སྦྱོང་སློབ་མའི་སློབ་ཚན་གྱི་སློབ་ཁྲིད་སྤུས་ཚད་ཐད་ཀྱི་རེ་བ་གཅིག་གྱུར་ཡིན་ཞིང་། སྤྱིར་བཏང་གནས་ཚུལ་འོག་བདམས་སྦྱོང་སློབ་ཚན་སྦྱོང་མཁན་སློབ་མ་རྣམས་སློབ་ཁང་གཅིག་ནང་སློབ་སྦྱོང་དང་གཅིག་གྱུར་གྱི་སྦྱོང་ཚན་དང་ཡིག་རྒྱུགས་ལེགས་སྒྲུབ་བྱེད་དགོས་ཀྱི་ཡོད། “སྲིད་ཇུས་གསར་པའི་ཤུགས་རྒྱག་ས་ནི་ལམ་ལུགས་ཐོག་ནས་པེ་ཅིང་སློབ་ཆེན་གྱི་ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་གི་སྤུས་ཚད་གཙོ་སྦྱོང་དང་ཆུ་ཚད་སྙོམས་པོ་ཡོང་བ་འགན་ལེན་བྱ་རྒྱུ་དེ་ཡིན”ཞེས་པེ་ཅིང་སློབ་ཆེན་སློབ་དོན་པུའི་འགན་འཁུར་བས་ངོ་སྤྲད་བྱས་པ་རེད།
         དེ་དང་ལྷན་དུ་སྤེལ་བའི་བྱ་ཐབས་ནི་ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་གི་སྦྱངས་འབྲས་དང་གཙོ་སྦྱོང་གི་སྦྱངས་འབྲས་དབྱེ་བ་མི་འབྱེད་པར་དེ་གཉིས་ཀ་སློབ་མའི་སྤྱིའི་སྦྱངས་འབྲས་ནང་འཇུག་རྒྱུ་མ་ཟད། ད་དུང་སྦྱངས་འབྲས་ཚང་མ་སྦྱངས་འབྲས་ཤོག་བྱང་གཅིག་ཐོག་འབྲི་རྒྱུ་རེད། དེའི་ཐོག་ནས་ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་གི་སྦྱངས་འབྲས་ཀྱིས་སློབ་མ་རྣམས་ཕུལ་བྱུང་དཔྱད་བསྡུར་དང་། བྱ་དགའི་དཔྱད་བསྡུར། ཞིབ་འཇུག་སློབ་མར་འོས་སྐྱེལ་སོགས་སློབ་མའི་འཕེལ་རྒྱས་དང་འབྲེལ་བའི་དོན་ཆེན་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། དེར་བརྟེན་སློབ་མས་ཡོན་ཚད་ཀྱི་ཐོབ་ཐང་གཉིས་དང་ཟུར་སྦྱོང་སློབ་ཚན་བདམས་ཚེ། ངེས་པར་དུ་གཙོ་སྦྱོང་གི་སློབ་ཚན་ལྟར་མཐོང་ཆེན་བྱེད་དགོས་ཞེས་འགན་ཁུར་བ་དེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།