འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་དངོས་གཅིག་གྱུར་ཐོ་འགོད་ལག་ཁྱེར་གསར་པ་ཡོངས་
    ཁྱབ་སྤྲད་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའུ་ནས་ཤེས་རྟོགས་བྱས་པར། 2016ལོའི་ལོ་མཇུག་བར། གཏན་འཇགས་རྒྱུ་དངོས་གཅིག་གྱུར་ཐོ་འགོད་ལམ་ལུགས་རྒྱལ་ཡོངས་ཀྱི་ས་ཁུལ་དང་། གྲོང་ཁྱེར། ཀྲོའུ། མོང་བཅས་335དང་རྫོང་དང་། གྲོང་རྡལ། ཆུས། ཆི་བཅས་2808དུ་ལག་བསྟར་བྱས་ཏེ་ས་གནས་ཁག་གིས་གཏན་འཇགས་རྒྱུ་དངོས་ལག་ཁྱེར་སྤྲོད་ཚད་ཁྲི་1400ཟིན་པ་དང་གཏན་འཇགས་རྒྱུ་དངོས་ཐོ་འགོད་བྱེད་ཚད་ཁྲི་1300ཟིན་པས་གཏན་འཇགས་རྒྱུ་དངོས་གཅིག་གྱུར་ཐོ་འགོད་ལག་ཁྱེར་གསར་པ་ཡོངས་ཁྱབ་སྤྲད་ཟིན་པ་རེད།
         གཏན་འཇགས་རྒྱུ་དངོས་གཅིག་གྱུར་ཐོ་འགོད་བྱེད་པར་ཐོ་འགོད་སྒྲིག་གཞི་དང་། ཐོ་འགོད་ཀྱི་གཞི་འཛིན་ས། ཐོ་འགོད་ཟིན་ཐོ། ཆ་འཕྲིན་ལས་སྟེགས་བཅས“བཞི་གཅིག་གྱུར”བྱེད་དགོས། གྲངས་གཞི་ལས་མངོན་དོན། མིག་སྔར་རྒྱལ་ཡོངས་སུ་ས་ཁུལ་དང་། གྲོང་ཁྱེར། ཀྲོའུ། མོང་བཅས་དང་རྫོང་དང་། གྲོང་རྡལ། ཆུས། ཆི་བཅས་95%ཡིས་ཐོ་འགོད་མི་སྣ་སྒྱུར་ཟིན་པ་དང་། ས་ཁུལ་དང་། གྲོང་ཁྱེར། ཀྲོའུ། མོང་བཅས་85%དང་རྫོང་དང་། གྲོང་རྡལ། ཆུས། ཆི་བཅས་82%ཀྱིས་ཐོ་འགོད་ཡིག་ཆ་རྩིས་སྤྲད་ཟིན་པ། ས་ཁུལ་དང་། གྲོང་ཁྱེར། ཀྲོའུ། མོང་བཅས་162དང་རྫོང་དང་། གྲོང་རྡལ། ཆུས། ཆི་བཅས་1265ཡིས་གཏན་འཇགས་རྒྱུ་དངོས་ཐོ་འགོད་ཀྱི་གྲངས་གཞི་བསྡུ་སྒྲིལ་བྱས་ཟིན་པ་རེད། རྒྱལ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)1700ལྷག་ཙམ་གྱིས་རྒྱལ་ཁབ་རིམ་པའི་གཏན་འཇགས་རྒྱུ་དངོས་ཐོ་འགོད་ཆ་འཕྲིན་དོ་དམ་གྱི་རྨང་གཞིའི་ལས་སྟེགས་དང་བདེ་བླག་ངང་སྦྲེལ་མཐུད་ཟིན་པའི་ནང་ཐད་གཏོགས་གྲོང་ཁྱེར་བཞི་དང་། ཧོ་པེ། ཅང་སུའུ། ཀྲེ་ཅང་། ཀོང་ཤིས་སོགས་ས་ཁུལ་གྱིས་གྲོང་ཁྱེར་དང་རྫོང་གི་ཁྱབ་ཁོངས་ཚང་མར་སྔོན་ལ་མཐུད་ཡོད་པ་རེད། རྒྱལ་ཁབ་ས་ཆ་ཐོན་ཁུངས་པུའི་འབྲེལ་ཡོད་འགན་འཁུར་བས་2017ལོ་ནི་གཏན་འཇགས་རྒྱུ་དངོས་ཐོ་འགོད་ཀྱི“གཅིག་འགྱུར་བཞི”མངོན་འགྱུར་བྱེད་པའི་ཐག་གཅོད་ལོ་ཞིག་ཡིན་པ་དང་ལོ་མཇུག་གོང་གྲོང་ཁྱེར་དང་རྫོང་ཚང་མ་རྒྱལ་ཁབ་རིམ་པའི་ཆ་འཕྲིན་ལས་སྟེགས་དང་སྦྲེལ་མཐུད་བྱས་ཏེ་ཐོ་འགོད་སྒྲིག་གཞི་དང་། ཐོ་འགོད་ཀྱི་གཞི་འཛིན་ས། ཐོ་འགོད་ཟིན་ཐོ། ཆ་འཕྲིན་ལས་སྟེགས་བཅས་གཅིག་གྱུར་ལ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།