འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་ཁྲའོ་ཞན་ལ་བཀག་སྡོམ་བྱ་ཐབས་གསར་པ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་31ཉིན། ཨ་རིའི་ནོར་སྲིད་པུའུ་ཡིས་ཁྲའོ་ཞན་གྱི་ཚོང་དོན་ཀུང་སི་གཅིག་དང་སྤྱི་དམངས་11ལ་དཔལ་འབྱོར་ཐོག་གི་བཀག་སྡོམ་བྱ་ཐབས་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་སྟེ། རྒྱུ་མཚན་ནི་ཁོ་ཚོས་ཁྲའོ་ཞན་གྱི་ཉིང་རྡུལ་དང་འཕུར་མདའ་ཞིབ་འཇུག་གསར་གཏོད་ལས་གཞིར་ཞུགས་པ་དང་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་རེད།
          ཨ་རིའི་ནོར་སྲིད་པུའུ་ཡིས་གསལ་བསྒྲགས་སྤེལ་བར་གཞིགས་ན། ཁྲའོ་ཞན་གྱི་ཚོང་དོན་ཀུང་སི་གཅིག་དང་མཉམ་དུ་བཀག་སྡོམ་ཐེབས་པར་ད་དུང་་ཁྲའོ་ཞན་གྱི་སྤྱི་དམངས་11ཡོད་པ་དང་། ཁོ་ཚོ་ནི་ཁྲའོ་ཞན་གྱི་དངུལ་ཁང་ཁ་ཤས་དང་། ཚོང་དོན། གྲུའི་ཐོག་སྐྱེལ་འདྲེན་ཀུང་སི་བཅས་ཀྱི་རྒྱལ་ཕྱིའི་དོན་གཉེར་ལས་ཁུངས་ཀྱི་དཔོན་རིགས་རེད།
         ཨ་རིའི་ནོར་སྲིད་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་བཀག་སྡོམ་བྱ་ཡུལ་དེ་དག་གིས་རྒྱལ་ཕྱིར་ཁྲའོ་ཞན་སྲིད་གཞུང་གི་ལས་ཚབ་ཀྱི་འགན་ཁུར་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིས་བཀག་སྡོམ་བྱས་པའི་ཁྲའོ་ཞན་གྱི་དངོས་གཞི་དེ་དག་ལ་རྒྱ་ཆེན་པོར་རྩ་བརླག་ཏུ་གཏོང་ཐུབ་པའི་མཚོན་ཆ་རྣམ་གྲངས་ཉོ་སྒྲུབ་ཞབས་ཞུ་དང་དངུལ་རྩའི་ཐོག་གི་རྒྱབ་སྐྱོར་འདོན་སྤྲོད་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།