འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཧྭའི་བདེ་ཐང་མྱུར་བགྲོད་མེ་འཁོར་2017ལོའི་འོད་ཟེར་བྱ་སྤྱོད་ཀྱི་མེ་འཁོར་
    གཏོང་བའི་མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་01ཉིན། 13:41】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན་གྱི་སྔ་དྲོ། “ཀྲུང་ཧྭའི་བདེ་ཐང་མྱུར་བགྲོད་མེ་འཁོར་2017ལོའི་འོད་ཟེར་བྱ་སྤྱོད་ཀྱི་མེ་འཁོར་གཏོང་བའི་མཛད་སྒོ་དང་ལོ་20འཁོར་བའི་བྱེད་སྒོའི་ཡོངས་བསྒྲགས་ཚོགས་འདུ”པེ་ཅིང་དུ་འཚོགས་ཤིང་། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། སྨན་དོན་མི་སྣའི་འཐུས་མི། ཀྲུང་ཧྭའི་བདེ་ཐང་མྱུར་བགྲོད་མེ་འཁོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་དོན་མི་སྣ། སྨྱན་སྦྱོར་གྱི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད་པ་རེད།
         ཀྲུང་ཧྭ་བདེ་ཐང་མྱུར་བགྲོད་མེ་འཁོར་ནི་རང་རྒྱལ་གྱི་དགེ་སྒྲུབ་སྨན་བཅོས་བྱེད་སྒོའི་མིག་ནད་ཚན་ཁག་གི་མེ་འཁོར་སྨན་ཁང་འབའ་ཞིག་ཡིན་པར་འཁོར་སྒྲོམ་བཞི་ཡོད་པ་མ་ཟད། རླངས་འཁོར་ཐོག་སྨན་བཅོས་སྒྲིག་ཆས་ཆ་ཚང་ཡོད། བདེ་ཐང་མྱུར་བགྲོད་མེ་འཁོར་དེས་ལྕགས་ལམ་རྒྱུད་དུ་སྨན་བཅོས་ལས་དོན་སྤེལ་ནས་ཤང་ཀང་དང་ནང་སའི་ཕུལ་བྱུང་མིག་ནད་ཚན་ཁག་གི་ནད་སྐྱོང་མི་སྣས་རྒྱུན་དུ་མེ་འཁོར་ཐོག་འཚོ་བར་དཀའ་ངལ་ཡོད་པའི་ནད་པར་སྐྱ་འགྲིབ་གཤགས་བཅོས་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།