འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ལེའོ་དབྱང་གྲོང་ཁྱེར་གྱིས་2012ལོའི"8.4"ཤྭ་འོད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་
    དུ་ཤོར་བའི་མི་གྲངས་སྦས་གསང་བྱས་པ་གཏན་འཁེལ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 15:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ལེའོ་ཉིང་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་གྱི་ཕྱི་འབྲེལ་དྲིལ་བསྒྲགས་གཞུང་ལས་ཁང་ནས་ཆ་རྒྱུས་བྱུང་གསལ་དུ། ཟླ་3ཚེས་29ཉིན། བརྟག་དཔྱད་རགས་ཙམ་བྱས་པ་བརྒྱུད། ལེའོ་དབྱང་གྲོང་ཁྱེར་ཨུ་ལྷན་དང་། གྲོང་ཁྱེར་སྲིད་གཞུང་གིས་མཉམ་འབྲེལ་བརྟག་དཔྱད་བྱས་ནས་ལེའོ་དབྱང་རྫོང་གི་2012ལོའི"8.4"ཤྭ་འོད་ཀྱི་གནོད་འཚེའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྦས་གསང་བྱས་པའི་གནད་དོན་གཏན་འཁེལ་བྱས་པ་རེད།
          ལེའོ་དབྱང་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གིས་ཐག་གཅོད་བྱས་དོན་དུ། དོན་དག་འདི་ཉིད་རྨང་གཞི་བྱས་ཐོག གནོད་འཚེ་བྱུང་བའི་གེགས་ཁུལ་ས་ཁོངས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་བཤེར་བྱས་ཏེ་དོན་དངོས་སྦས་གསང་གི་གནོད་དོན་ཞིབ་བཤེར་མཐིལ་རྟོལ་བྱེད་པ་མ་ཟད། ཆེད་དོན་ཚོགས་པ་བཙུགས་ཏེ་སྒྲིག་ལུགས་ཁྲིམས་སྲོལ་ལ་མཐའ་གཅིག་ཏུ་གཞིགས་ནས་འབྲེལ་ཡོད་འགན་ཁུར་མི་སྣ་ཐག་གཅོད་ནན་པོར་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།