འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེ་རྒྱལ་ཁབ་ཀྱི་ཕྱེ་འབྲེལ་པུའུ་ཡིས་ཧྥ་རན་སེར་གནས་སྡོད་ཀྲུང་གོ་བ་ཞིག་གྲོངས་
    པའི་དོན་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན། ཧྥ་རན་སེ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ནཱ་ཏར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་དྲི་བ་བཏོན་པར་དྲིས་ལན་རྒྱག་སྐབས་སུ། ཧྥ་རན་སེ་རྒྱལ་ཁབ་ལ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་ཧྥ་རན་སེ་རྒྱལ་ཁབ་་སྲིད་གཞུང་གིས་དམིགས་སུ་བཀར་ནས་བསམ་གཞིག་བྱ་དགོས་པ་ཡིན་ཞིང་། འབྲེལ་ཡོད་སྡེ་ཁག་གིས་ཉེ་སྔོན་ཧྥ་རན་སེ་རྒྱལ་ཁབ་ཏུ་གནས་སྡོད་ཀྲུང་གོ་བ་ཞིག་གྲོངས་པའི་དོན་རྐྱེན་ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བསྟན་པ་རེད། 
          ས་གནས་དེ་གའི་དུས་ཚོད་ཚེས་28ཉིན་གྱི་དགོང་མོར། ཧྥ་རན་སེ་རྒྱལ་ཁབ་ལ་གནས་སྡོད་ཀྲུང་གོ་བ་ཞིག་ཕ་རི་སི་གྲོང་ཁྱེར་གྱི་རང་ཁྱིམ་དུ་ཧྥ་རན་སེའི་རྒྱུན་གོས་གྱོན་པའི་ཉེན་རྟོག་པ་ཞིག་གིས་མེ་མདའ་བརྒྱབ་སྟེ་བསད་པ་རེད། ནཱ་ཏར་གྱིས་ཉིན་དེའི་རྒྱུན་ལྡན་གསར་འགོད་པའི་ཚོགས་འདུའི་ཐོག་ཧྥ་རན་སེ་རྒྱལ་ཁབ་ཀྱི་ནང་སྲིད་པུའུ་དང་ཕ་རི་སི་ཉེན་རྟོག་ཅུས་ཀྱིས་དོན་རྐྱེན་འདིའི་དོན་དངོས་གང་ཡིན་རྩད་ཆོད་མཐའ་གསལ་བྱེད་ཆེད་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།