འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་དབྱིང་ཅེ་ཡིས་ནེ་པ་ལའི་ཙུང་ལི་ཕུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་30ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཝུའུ་དབྱིང་ཅེ་ཡིས་ནེ་པ་ལའི་ཙུང་ལི་ཕུ་ལཱ་ཁྲང་ཏ་དང་མཇལ་འཛོམས་གནང་བ།
            མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་28ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ལགས་ཀྱིས་ནེ་པ་ལའི་ཙུང་ལི་ཕུ་ལཱ་ཁྲང་ཏ་བཅས་པའི་ཕེབས་རོགས་དང་མཇལ་འཛོམས་གནང་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་མཉམ་དུ་མཇལ་འཛོམས་གནང་བ་རེད།
            ཝུའུ་དབྱིང་ཅེ་ཡིས་ཐོག་མར་བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུ་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ཏེ་ཕུ་ལཱ་ཁྲང་ཏ་བཅས་པའི་ཕེབས་རོགས་རྣམས་བོད་ལྗོངས་སུ་ལམ་བར་འཚམས་འདྲི་གནང་བར་ཕེབས་པར་སྤྲོ་སེམས་ཁོལ་བའི་དགའ་བསུ་ཞུས་པ་དང་། ནེ་པ་ལའི་སྲིད་གཞུང་རིམ་བྱོན་གྱིས་ནམ་ཡང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ནས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནེ་པ་ལའི་རྒྱལ་ཁོངས་སུ་ཀྲུང་གོར་རྒོལ་བའི་བྱ་སྤྱོད་སྤེལ་དུ་མི་འཇུག་པར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
           ཝུའུ་དབྱིང་ཅེ་ཡིས་ཀྲུང་གོ་དང་ནེ་པ་ལ་གཉིས་ནི་རི་ཆུ་གཅིག་འབྲེལ་དང་སོ་མཆུ་མཉམ་གཤིབ། སྤུན་ཟླ་ལྟར་མཛའ་ཞིང་བརྩེ་ལ། སྤེལ་རེས་ཀྱི་ལོ་རྒྱུས་ཡུན་རིང་ལྡན། ད་ཐེངས། ཙུང་ལི་ཕུ་ལཱ་ཁྲང་ཏ་ཀྲུང་གོར་ཕེབས་ཏེ་པོ་ཨའོ་ཨེ་ཤ་ཡའི་གླེང་སྟེགས་སུ་ཞུགས་པ་དང་འབྲེལ་པེ་ཅིང་དུ་འཚམས་འདྲི་གནང་བར་ཕེབས་ནས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི། ཝང་དབྱང་བཅས་དང་མཛའ་བརྩེ་ཟབ་མོའི་གྲོས་མོལ་གནང་ཞིང་། ཐེངས་འདིའི་འཚམས་འདྲིར་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ཡོད་ལ། ཀྲུང་གོ་དང་ནེ་པ་ལ་གཉིས་ཀྱི་མཛའ་བརྩེའི་འབྲེལ་བའང་གཏིང་ཇེ་ཟབ་ཏུ་བཏང་ཡོད་ཅེས་བསྟན་ཡོད།
           ཝུའུ་དབྱིང་ཅེ་ཡིས།  ཀྲུའུ་ཞི་ཞི་ཅིན་ཕིང་གིས"རྒྱུད་གཅིག་ལམ་གཅིག"གི་གྲོས་གཞི་བཏོན་ནས་ལོ་གསུམ་འདས་རིང་། དེའི་ལམ་རྒྱུད་རྒྱལ་ཁབ་བར་གྱི་མཉམ་ལས་ལ་འབྲས་བུ་བསྟུད་མར་སྨིན་བཞིན་ཡོད་ལ། དེ་ནི་ད་ལྟའི་འཛམ་གླིང་གི་མདུན་ལྗོངས་ཆེས་ལེགས་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་སྤྱི་སྟེགས་ཤིག་ཡིན་པ་རེད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ནི་ཀྲུང་གོས་ཨེ་ཤ་ཡ་ལྷོ་རྒྱུད་ལ་སྒོ་འབྱེད་པའི་འགག་སྒོ་ཆེ་མོ་ཡིན་སྟབས། ནེ་པ་ལ་དང་མཉམ་དུ"རྒྱུད་གཅིག་ལམ་གཅིག"གི་འགྲམ་ངོགས་སུ་ཡོད་ལ། སྔོན་ནས་ད་ལྟ་བར་དུ་མཛའ་བརྩེའི་འབྲེལ་བ་བཟང་པོ་ཡོད་པས། དུས་མཉམ་ནང་སྔར་མེད་ཀྱི་གོ་སྐབས་ཆེན་པོ་ཞིག་དང་འཕྲད་ཡོད་པ་རེད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་ཡོད་མཐའ་མཚམས་ཕྱི་འབྲེལ་ལས་དོན་གྱི་སྲིད་ཇུས་དང་བྱེད་ཕྱོགས་ལག་ལེན་བསྟར་ཏེ་ཕྱོགས་གཉིས་ཀར་མིག་སྔར་ཆགས་པའི་ཐུན་མོང་གི་ངོས་འཛིན་ཁག་
    དོན་འཁྱོལ་དང་། ཕྱོགས་གཉིས་ཀའི་ཉོ་འཚོང་དང་རིག་གནས། ཡུལ་སྐོར། ཉེན་རྟོག་ལས་དོན། འགག་སྒོ་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ནང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་སྐུལ་འདེད་བྱེད་རྒྱུ་མ་ཟད། ཀྲུང་དབྱང་སྲིད་གཞུང་གི་རྒྱབ་སྐྱོར་ཐོག་ནེ་པ་ལར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་གོ་དང་ནེ་པ་ལའི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས་གྲུབ་འབྲས་མཉམ་རོལ་དང་གཉིས་ཕན་གཉིས་རྒྱལ་མངོན་འགྱུར་ཡོང་བར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
            ཝུའུ་དབྱིང་ཅེ་ཡིས་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་རགས་ཙམ་གནང་བ་རེད། ཁོང་གིས་ད་ལྟའི་བོད་ལྗོངས་ནི་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད། ད་ལྟ་ལོ་རྒྱུས་ཀྱི་ཆེས་ལེགས་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད། གྲུབ་འབྲས་བླངས་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ནུས་ལྡན་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་ཤུགས་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་བརྩོན་བྱས་པར་བརྟེན་ནས་བྱུང་བ་ཡིན། རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་གཏིང་ནས་ཀྲུང་གོ་གུང་ཁྲན་ཏང་ལ་བཀའ་དྲིན་ཆེ་ཞེས་ཞུས་ཏེ་སྲོག་ཤིང་སྲུང་སྐྱོང་དང་བློ་དཀར་སེམས་དཀར་བྱེད་ཀྱི་ཡོད། ང་ཚོར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ནུས་ལྡན་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག  རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་སྔར་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བསྐྲུན་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
            ཕུ་ལཱ་ཁྲང་ཏ་ཡིས། ནེ་པ་ལ་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་ཀྱི་མཛའ་བརྩེ་དང་། ཡིད་རྟོན། གཉིས་ཕན། དཀྱེལ་ཡངས་ཀྱི་ཕྱི་འབྲེལ་འདུ་ཤེས་ལ་བསྟོད་པ་བྱེད་ཀྱི་ཡོད་ལ། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་ངེས་ཡིན། སྟོབས་ཤུགས་གང་རུང་ཞིག་ལའང་ནེ་པ་ལ་རྒྱལ་ཁོངས་སུ་ཀྲུང་གོར་རྒོལ་བའི་བྱ་སྤྱོད་སྤེལ་དུ་མི་འཇུག  ཀྲུང་གོའི་བོད་རང་སྐྱོང་ལྗོངས་ནི་ནེ་པ་ལ་དང་ཀྲུང་གོ་གཉིས་སྤེལ་རེས་ཀྱི་འགག་ལམ་གལ་ཆེན་ཞིག་ཡིན་ལ། མཉམ་སྦྲེལ་གཉིས་མཐུད་ཤུགས་ཆེན་བྱེད་པ་དེས་གོ་སྐབས་མཉམ་རོལ་དང་འབྲས་བཟང་མཉམ་བསྐྲུན་བྱེད་པར་ནུས་པ་ཆེན་པོ་ཐོན་ཡོད། ནེ་པ་ལ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་མ་ཟད། གྲོས་གཞི་འདི་ཉིད་ནང་ཞུགས་རེའང་ཆེན་པོ་བྱེད་ཀྱི་ཡོད། ནེ་པ་ལ་དང་ཀྲུང་གོའི་བོད་ལྗོངས་ཀྱི་ཉོ་འཚོང་མཉམ་ལས་ལ་མངོན་མེད་ཀྱི་བར་སྟོང་ཆེན་པོ་དང་མདུན་ལྗོངས་བཟང་པོ་ཡོང་བའི་ཡིད་ཆེས་ཡོད་པས། ཕྱོགས་གཉིས་ཀྱིས་ཉོ་འཚོང་དང་། ཡུལ་སྐོར། འགྲིམ་འགྲུལ་སོགས་ཀྱི་ཕྱོགས་ནས་མཉམ་ལས་སྔར་བས་གཏིང་ཟབ་བྱས་ཏེ་ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་བརྩེ་ཇེ་བཟང་ཇེ་ལེགས་ཇེ་ཟབ་ཏུ་གཏོང་བའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བསྟན་པ་རེད།
            ཟླ་3ཚེས་28ཉིན་གྱི་ཉིན་དགུང་དུ། གདན་ཞུས་གནང་བ་ལྟར་ཆེ་དགྲ་ལྷས་ལྷ་སར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཁང་གི་གསོལ་སྟོན་དུ་ཕེབས་ནས་ཕུ་ལཱ་ཁྲང་ཏ་དང་མཉམ་དུ་མཐའ་མཚམས་ཀྱི་མཛའ་འབྲེལ་ཇེ་ཟབ་དང་ཐུན་མོང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་སྤེལ་རེས་གཏིང་ཟབ་གནང་བ་རེད།
            ཕུ་ལཱ་ཁྲང་ཏ་ཕེབས་རོགས་བཅས་པ་ནི་ཚེས་28ཉིན་གྱི་སྔ་དྲོར་གནམ་གྲུར་བཞུགས་ནས་ལྷ་སར་འབྱོར་བ་དང་། ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སུ་གཟིགས་ཞིབ་འཚམས་འདྲི་གནང་། དེ་ནས་གནམ་གྲུར་བཞུགས་ཏེ་ཕྱིར་ནེ་པ་ལར་ཕེབས་པ་རེད།
            ནེ་པ་ལ་ཕྱི་འབྲེལ་པུའུ་ཀྲང་མཱ་ཧ་ཐི་དང་། ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་པའོ་ཏེ་ཨར་གཉིས་འཚམས་འདྲིར་ཞུགས་ཡོད་པ་རེད།
            ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཡུས་ཧུང་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སྤེན་པ་བཀྲ་ཤིས་དང་། པད་མ་དབང་འདུས། ཧྥང་ལིང་མའེ། ལིའུ་ཅང་། ཀའོ་ཝན་ཧའེ་སོགས་མཇལ་འཛོམས་དང་གསོལ་སྟོན་དུ་ཞུགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།