འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།"ལོ་རབས་90པའི་རྗེས་ཀྱི་དཔེ་དགའ་བཙན་པོ"ཡིས་མ་དངུལ་གྲབས་གསོག་བྱས་ནས་
    དཔེ་ཁང་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།'ལོ་རབས་90པའི་རྗེས་ཀྱི་དཔེ་དགའ་བཙན་པོ'ཡིས་མ་དངུལ་གྲབས་གསོག་བྱས་ནས་
དཔེ་ཁང་གཉེར་བ།
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་20ཉིན། ལོ་རབས་90པའི་རྗེས་ཡིན་པའི་ལུའུ་ཧོང་རེན་གྱིས་སྔོན་ཆད་རང་ཉིད་ཀྱི་ཉལ་ཁང་དུ"དཔེ་མཛོད་ཁང"ཞིག་གཉེར་མྱོང་བ་རེད། ད་ལྟ་མི་མང་གིས་མ་དངུལ་གྲབས་གསོག་སྒོར་ཁྲི་200བྱས་པར་བརྟེན་ནས་ས་འོག་རླངས་འཁོར་མཛོད་ཁང་བཟོ་བཅོས་བྱས་ནས་དཔེ་ཁང་དུ་བསྒྱུར་པ་དང་། འཕྲིན་སྦྲེལ་དྲ་རྒྱའི་སྟོབས་ཤུགས་ལ་བརྟེན་ནས་སློབ་མའི་དུས་ཀྱི་“དཔེ་ཁང་གཉེར་རྒྱུའི་རེ་འདུན་”མངོན་དུ་གྱུར་པ་རེད།
         ཧྲན་ཞི་སློབ་ཆེན་དུ་སློབ་གཉེར་བྱེད་དུས་ལུའུ་ཧོང་རེན་དཔེ་ཆར་སྲོག་ལྟར་དགའ་བས་སློབ་གྲོགས་ཚོས་ཁོང་ལ"དཔེ་དགའ་བཙན་པོ"ཞེས་འབོད་ཀྱི་ཡོད་པ་རེད། 2016ལོར་སློབ་ཆེན་ནས་ཐོན་རྗེས་ཁོང་གིས་དྲ་རྒྱར་བརྟེན་ནས་མ་དངུལ་གྲབས་གསོག་གི་གྲོས་གཞི་བཏོན་ནས་མ་དངུལ་འཇོག་མཁན་130ཡིས་རྒྱབ་སྐྱོར་བྱས་པའི་འོག་དཔེ་དེབ་དང་། རིག་གནས་གསར་གཏོད་ཐོན་དངོས། ཁོ་ཧྥེ་དང་ཇ་དང་ཁ་ཟས་བཅས་ཀྱིས་གཙོ་བོར་བྱེད་པའི"གླིང་ཕྲན་དཔེ་ཁང"ཞེས་པ་ཞིག་གཉེར་བ་རེད། མིག་སྔར་དཔེ་ཁང་ལ་དཔེ་དེབ་ཁྲི་2ལྷག་ཡོད་པ་དང་། ཉིན་རེའི་འགྲུལ་པ་ཡོང་མཁན་མང་དུས་མི་ཐེངས་1000ཟིན་གྱི་ཡོད་པ་རེད།  གོང་གི་བརྙན་པར་ནི"གླིང་ཕྲན་དཔེ་ཁང་"གསར་གཉེར་བྱེད་མཁན་ལུའུ་ཧོང་རེན་(དཀྱིལ་)དང་ཚོགས་མི་རྣམས་ཀྱིས་དཔེ་ཁང་དུ་མཉམ་པར་ལེན་བཞིན་པ་རེད། 
    ༄༅།།'ལོ་རབས་90པའི་རྗེས་ཀྱི་དཔེ་དགའ་བཙན་པོ'ཡིས་མ་དངུལ་གྲབས་གསོག་བྱས་ནས་
དཔེ་ཁང་གཉེར་བ།
    ༄༅།།'ལོ་རབས་90པའི་རྗེས་ཀྱི་དཔེ་དགའ་བཙན་པོ'ཡིས་མ་དངུལ་གྲབས་གསོག་བྱས་ནས་
དཔེ་ཁང་གཉེར་བ།
    ༄༅།།'ལོ་རབས་90པའི་རྗེས་ཀྱི་དཔེ་དགའ་བཙན་པོ'ཡིས་མ་དངུལ་གྲབས་གསོག་བྱས་ནས་
དཔེ་ཁང་གཉེར་བ།
    ༄༅།།'ལོ་རབས་90པའི་རྗེས་ཀྱི་དཔེ་དགའ་བཙན་པོ'ཡིས་མ་དངུལ་གྲབས་གསོག་བྱས་ནས་
དཔེ་ཁང་གཉེར་བ།
      

    ཕྱོགས་བསྡུས་གསར་འགྱུར།