འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དཀར་མཛེས་ཉག་ཆུ་ཁའི་ནགས་ཚལ་དུ་མེ་སྐྱོན་ཐོན་ནས་གཟའ་འཁོར་གཅིག་ཕྱིན་
    པ་དང་མིག་སྔར་མི་སྣ་འཆི་རྨས་བྱུང་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་21ཉིན། 14:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།སི་ཁྲོན་དཀར་མཛེས་ཉག་ཆུ་ཁའི་ནགས་ཚལ་དུ་མེ་སྐྱོན་ཐོན་ནས་གཟའ་འཁོར་གཅིག་ཕྱིན་
པ་དང་མིག་སྔར་མི་སྣ་འཆི་རྨས་བྱུང་མེད་པ།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཉག་ཆུ་ཁ་རྫོང་དུ་མེ་སྐྱོན་ཐོན་ནས་གཟའ་འཁོར་གཅིག་ཕྱིན་ཡང་ད་དུང་མེ་ཡོངས་སུ་གསོད་ཐུབ་མེད་ལ་མེ་ཤོར་བའི་རྒྱ་ཁྱོན་སྤྱི་ཆིང་100ཙམ་ཟིན་ཡོད་པ་རེད། མིག་སྔར་དཀར་མཛེས་ཀྲོའུ་ཡི་ས་གནས་ཁག་གི་ནགས་ཚལ་ཉེན་རྟོག་པ་དང་། མེ་གསོད་རུ་ཁག ལས་བྱེད་མང་ཚོགས་བཅས་མི་སྟོང་ཕྲག་གིས་མེ་ཤོར་ཡུལ་དུ་མེ་གསོད་བཞིན་ཡོད་པ་དང་། མི་སྣ་འཆི་རྨས་ཀྱི་སྙན་ཞུ་འབྱོར་མེད་ཅིང་། གོང་གི་པར་རིས་ནི་དྲག་ཆས་ཉེན་རྟོག་དཀར་མཛེས་ནགས་ཚལ་ཉིང་ལག་རུ་ཁག་གི་རུ་མིས་མེ་གསོད་པའི་གནས་ཚུལ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།