འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱང་སྐྱོད་རྟགས་ཅན་ཨང་བདུན་པའི་རྒྱང་ཚོར་གཉིས་པའི་མེ་ཤུགས་འཕུར་མདའ་ཝུན་ཁྲང་
    འཇིག་རྟེན་འཕུར་གྲུ་འཕེན་གཏོང་བྱེད་སར་བདེ་འཇགས་ངང་དབོར་འདྲེན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་གྲུ་ལས་གྲྭའི་གཞུང་ལས་ཁང་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱང་སྐྱོད་རྟགས་ཅན་ཨང་བདུན་པའི་རྒྱང་ཚོར་གཉིས་པའི་མེ་ཤུགས་འཕུར་མདའ་བརྒྱུད་རིམ་གཞིར་བཟུང་བཟོ་གྲྭ་ནས་མ་ཐོན་གོང་གི་ཞིབ་བཟོའི་ལས་དོན་ཡོངས་རྫོགས་ལེགས་གྲུབ་བྱུང་ནས་2017ལོའི་ཟླ་3ཚེས་2ཉིན་ཐེན་ཅིན་གྲུ་ཁ་ནས་ཐོན་འགོ་ཚུགས་པ་དང་གཟའ་འཁོར་གཅིག་རིང་སྐམ་ས་དང་མཚོ་ཐོག་ནས་དབོར་འདྲེན་བྱས་པ་བརྒྱུད་ཚེས་11ཉིན་ཝུན་ཁྲང་འཇིག་རྟེན་འཕུར་གྲུ་འཕེན་གཏོང་བྱེད་སར་བདེ་འཇགས་ངང་འབྱོར་ཏེ་འཕེན་གཏོང་བྱེད་སར་སྤྱིའི་སྒྲིག་སྦྱོར་དང་ཚོད་ལྟའི་ལས་དོན་སྤེལ་རྒྱུ་རེད།
          རྒྱང་སྐྱོད་རྟགས་ཅན་ཨང་བདུན་པ་ནི་རང་རྒྱལ་གྱི་རབས་གསར་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འབྲིང་གྲས་ཀྱི་བཟོ་དབྱིབས་གཙོ་བོ་ཞིག་ཡིན་པས། རང་རྒྱལ་གྱི་མི་བཞུགས་འཇིག་རྟེན་འཕུར་གྲུའི་ལས་གྲྭས་ཟོག་འདྲེན་འཕུར་གྲུ་འཕེན་གཏོང་བྱེད་ཆོག་ལ་མི་བཟོས་སྲུང་སྐར་སོགས་འཕུར་མདའ་གཞན་དག་ཀྱང་འཕེན་གཏོང་བྱེད་ཆོག མེ་ཤུགས་འཕུར་མདའ་དེ་རིགས་ལ་ལག་རྩལ་གསར་པ་སྤྱད་ཡོད་ཅིང་། 2016ལོའི་ཟླ་6ཚེས་25ཉིན་ཝུན་ཁྲང་འཇིག་རྟེན་འཕུར་གྲུ་འཕེན་གཏོང་བྱེད་སར་ཐོག་མར་འཕེན་གཏོང་དང་འཕུར་སྐྱོད་བྱེད་པའི་ལས་འགན་ལེགས་གྲུབ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།