འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་དང་ཨུ་ཡོན་ཚོས་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ་གྲོང་གསེབ་ཏུ་ཕྱིར་ལོག་
    བྱེད་མཁན་དེ་བས་མང་བའི་ཡིད་དབང་འགུག་དགོས་པའི་གྲོས་འགོ་བཏོན་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། “ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་བྱེད་པར་མིག་སྔའི་གྲོང་གསེབ་ཀྱི་ཞིང་པ་ཁོ་ནར་བརྟེན་ན་ལེགས་གྲུབ་བྱེད་ཐབས་བྲལ་བས། ངེས་པར་དུ་གྲོང་གསེབ་ཏུ་ཕྱིར་ལོག་བྱེད་མཁན་དེ་བས་མང་བར་སྐུལ་མ་བཏང་ནས་གྲོང་གསེབ་ལ་བསམ་བློ་གསར་པ་དང་གསོན་ཤུགས་གསར་པ་བསྣན་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཤིས་ཡོན་ཕིང་གྲོང་ཁྱེར་ཙི་ཀན་ཤང་ཙི་ཀན་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཚུའེ་ཐེན་གྱིས་གསུངས་པ་རེད།
           རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གྲོང་གསེབ་ཏུ་ཕྱིར་ལོག་བྱེད་མཁན་ཞེས་པའི་ཚིག་དེ་འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་ཤོས་སུ་གྱུར་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དཔལ་འབྱོར་རིག་པ་མཁས་ཅན་ལི་དབྱི་ཉིང་གིས་གྲོང་གསེབ་ཀྱི་འགྱུར་ལྡོག་སྔོན་དཔག་ལས་བརྒལ་བའི་རྒྱུ་རྐྱེན་གཅིག་ནི་གྲོང་གསེབ་ཏུ་ཕྱིར་ལོག་བྱེད་མཁན་འབོར་ཆེན་ཞིག་ཐོན་པ་དེ་ཡིན་ཞེས་གསུངས་པ་རེད།
          ལི་ཚུའེ་ཐེན་གྱིས་ད་ཆ་གྲོང་གསེབ་ཏུ་ཞིང་ལས་ངལ་རྩོལ་བྱེད་མཁན་གཞི་རྩའི་ཆ་ནི་ལོ་50ནས་60བར་གྱི་མི་ཡིན་པ་དང་ངལ་རྩོལ་ནུས་པ་འདང་ངེས་མེད་པ་ལས་གྲོང་གསེབ་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་གི་ཡོད། གྲོང་གསེབ་ཀྱིས་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་དགོས་ན་མིག་སྔའི་གྲོང་གསེབ་ཏུ་ཡོད་པའི་མི་དེ་དག་ཁོ་ནར་བརྟེན་ཚེ་མངོན་འགྱུར་བྱེད་ཐབས་བྲལ་བས་མི་དེ་བས་མང་བ་གྲོང་ཁྱེར་ནས་གྲོང་གསེབ་ཏུ་བྱ་གཞག་གཏོད་པར་ཡོང་རྒྱུ་ནི་དགོས་གཏུགས་ཀྱི་བྱ་བ་ཞིག་རེད་ཅེས་གསུངས།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧྲན་ཤིས་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་མཱ་རུའེ་ཡན་གྱིས་མི་དེ་བས་མང་བ་གྲོང་གསེབ་ཏུ་ཡོང་བའི་ཡིད་དབང་འགུག་དགོས་ན་ངེས་པར་དུ་གྲོང་གསེབ་ཀྱི་ཁོར་ཡུག་དཔེར་ན་ཆུ་དང་། གློག ལམ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་དགོས་པ་དང་འབྲེལ། ས་གནས་དེ་གའི་དོན་དངོས་ལ་གཞིགས་ནས་སྐུལ་ལྕག་བྱེད་ཐབས་བཏོན་ཏེ་འཇོན་ཐང་ཅན་གནས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།