འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།“ཞིང་པ‘དྲ་སྦྲེལ+’གྱི་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་ཐུབ་པ་བྱེད་དགོས”

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ——“ཞིང་པ‘དྲ་སྦྲེལ+’གྱི་མྱུར་བགྲོད་གཞུང་ལམ་ཐོག་བསྐྱོད་པ་ཐུབ་པ་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀོང་ཤིས་ལུའུ་ཁྲོན་རྫོང་ཝུའུ་ཧྲི་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ལེའང་ལི་ནཱ་ཡིས་གསུངས། ལོ་རབས་85རྗེས་སྐྱེས་པའི་ལེའང་ལི་ནཱས་ཝུའུ་ཧྲི་གྲོང་རྡལ་ལུའུ་ཧོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་ལྕོགས་གནང་ཞིང་། ཁོང་གིས་གྲོང་ཚོའི་ནང་དྲ་ཐོག་ཚོང་ཁང་བརྒྱུད་ཞིང་ཞོར་ཐོན་ཟོག་ཕྱིར་ཚོང་བྱེད་མྱོང་ཡོད། འོན་ཀྱང་ཕན་འབྲས་སྔོན་དཔག་ལྟར་བྱུང་མ་སོང་། གང་ལགས་ཤེ་ན། ཟོག་འགྲེམས་ཀྱི་ལྷུ་ཚིགས་འཐུས་སྒོ་མི་ཚང་བ་དང་ཞིང་ཞོར་ཐོན་ཟོག་ཚད་ལྡན་ཅན་གྱི་ཚད་གཞི་དམའ་པོ་ཡོད་ཅེས་གསུངས། དེར་བརྟེན་ཁོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམས་ཞབས་ཞུའི་དྲ་བ་བསྐྲུན་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཞིང་པར“དྲ་སྦྲེལ+”ལས་དངོས་ཕན་ཐོབ་པ་བྱེད་དགོས་ཞེས་གྲོས་འགོ་བཏོན་པ་རེད།
          ——“གཞིས་ལུས‘མེ་ཏོག’ཉི་འོད་དང་ཆར་ཆུས་གསོ་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཧོ་ནན་ཞིང་ཆེན་ཐུང་ཞུས་རྫོང་ཏ་ཀང་ལི་ཤང་སུའུ་ལིའུ་ཀྲོང་གྲོང་ཚོའི་སྨན་པ་མཱ་ཝུན་ཧྥང་གིས་གསུངས། ཁོང་གིས་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་མང་པོ་ཞིག་ཕྱི་ཕྱོགས་སུ་གླ་པ་བྱེད་པར་འགྲོ་གི་ཡོད་པས་གཞིས་ལུས་བྱིས་པར་སློབ་གསོ་གཏོང་བ་དང་ཁོང་ཚོར་ལྟ་རྟོག་བྱེད་པ་དེ་གནད་དོན་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར་དོ་ཁུར་བྱེད་པ་དང་སློབ་གསོ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭར་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་དགོས། དེ་དང་དུས་མཚུངས་སྲིད་ཇུས་བཟོས་ནས་རྒན་ཡོན་ཞུས་པའི་དགེ་རྒན་དང་སེམས་བཟང་ཅན་གྱིས་གཞིས་ལུས་བྱིས་པ་ཚབ་ཉར་ལྟེ་གནས་སོགས་འཛུགས་རྒྱུའི་སྐུལ་མ་བཏང་སྟེ་ཕྲུ་གུ་དེ་དག་ལ་སློབ་སྦྱོང་དང་། འཚོ་བ། ལྟ་སྐྱོང་བཅས་ཀྱི་ཆ་རྐྱེན་གཏོད་དེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱེད་དགོས་ཞེས་གྲོས་འགོ་བཏོན་པ་རེད།
          ——“‘གནའ་ཉམས་ལྡན་པའི’དམངས་ཁྲོད་རིག་གནས་ནི་མི་རིགས་ཀྱི་མཚོན་རྟགས་མངོན་གསལ་དོད་ཤོས་དེ་རེད”ཅེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀོང་ཤིས་ཏུང་ཤིན་གྲོང་ཁྱེར་ཅང་ཕིང་གྲོང་རྡལ་ཝུའུ་ཐོའུ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་རོན་ཨའེ་ཤིན་གྱིས་གསུངས། ཁོང་ནི་ཅིང་རིགས་བ་ཞིག་ཡིན་ཞིང་། ཅིང་རིགས་བས་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་བཏོད་ཡོད། ཧ་ཅེ་དང་རྒྱུད་གཅིག་སྒྲ་སྙན་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད། གྲངས་ཉུང་མི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ཐད་རྒྱུན་ཆད་མེད་པར་གསར་གཏོད་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་པ་རེད།
          ——“དངུལ་ཁང་གིས་དངུལ་བུན་ཉུང་འཕྲི་བྱེད་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་སྲིད་གཞུང་གིས་རོགས་སྐྱོར་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཅང་ཤིས་ཕིང་ཤང་གྲོང་ཁྱེར་ཤིན་ཧའེ་ཨན་ཚོང་དོན་གསོལ་མགྲོན་ཁང་གི་འགན་ཁུར་བ་ཧོའུ་ཡུས་ཝུན་གྱིས་གསུངས། དཔལ་འབྱོར་འཕར་ཚད་ཆག་པའི་རྒྱབ་ལྗོངས་འོག ཚོང་ལས་དངུལ་ཁང་ཁ་ཤས་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་གོ་རིམ་མེད་པར་དངུལ་བུན་ཉུང་འཕྲི་བྱེད་ཀྱི་ཡོད། དེར་བརྟེན་སྲིད་གཞུང་གིས་ཁེ་ལས་དེ་དག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཕེལ་རྒྱས་གཏོང་རོགས་བྱེད་དགོས། ཧོའུ་ཡུས་ཝུན་ལོ་ཆུང་དུས་ལས་གནས་ལས་བབས་ཡོད། འཚོ་བའི་ཆེད་དུ་ཁོང་གིས་བྱི་རིལ་བཙོངས་མྱོང་ཡོད་ལ། ནང་འཇམ་ཡང་སྡེབ་ཚོང་བྱེད་མྱོང་ཡོད། ད་ཆ་ཚོང་ལས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ནས་ཉེ་འགྲམ་གྱི་མང་ཚོགས་སྣེ་ཁྲིད་དེ“དབུལ་པོའི་ཞྭ་མོ”འབུད་རྩིས་ཡོད། “ངས‘ཞིང་དུད་དང་། རྟེན་གཞི། ཁེ་ལས’བཅས་ཟུང་འབྲེལ་གྱི་རྣམ་པར་བརྟེན་ནས་སྔོ་ཚལ་འདེབས་འཛུགས་བྱེད་ཆོག དེ་ལྟར་བྱས་ཚེ། ཞིང་པའི་ཡོང་འབབ་མང་དུ་གཏོང་ཐུབ་པ་མ་ཟད། ད་དུང་གསོལ་མགྲོན་ཁང་ལ་དེ་བས་ལྗང་མདོག་དང་སྤུས་ལེགས་ཀྱི་ཞིང་ལས་ཐོན་ཟོག་མཁོ་འདོན་བྱེད་ཐུབ”ཅེས་གསུངས་པ་རེད།
          ——“ཕུགས་རེའི་ས་བོན་ས་གཞི་གང་སར་ཁྱབ་པ་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཕུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་ཧྭ་ཏ་ཁྲོམ་གཞུང་ཁོར་ཡུག་གཙང་སྦྲ་སུའོ་ཡི་ལམ་དུམ་པན་ཀྲང་ཤེ་ཀྲེ་པོས་གསུངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཧེ་བག་ཆུང་དུ་ཕྱིན་ཡོད་མོད། འོན་ཀྱང་ད་དུང་འབད་བརྩོན་བྱེད་དགོས། སློབ་གསོ་ནི་བུ་རབས་ཚ་རྒྱུད་དང་འབྲེལ་བ་ཡོད་པས་རྒྱལ་ཁབ་ཀྱིས་གྲོང་གསེབ་ཀྱི་སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་འཇོན་ཐང་ཅན་དེ་བས་མང་བ་གྲོང་གསེབ་ཏུ་ཤེས་བྱ་སློབ་པར་ཡོང་རྒྱུའི་ཡིད་དབང་འགུག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།