འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རྒྱལ་ཡོངས་ཁྲིམས་ཁང་གི་ལག་བསྟར་གྱོད་གཞིའི་དངུལ་འབོར་དམིགས་སར་འབྱོར་
    ཚད་54%འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016ལོར། རྒྱལ་ཡོངས་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི་ཁྱོན་ཁྲི་614.9བདག་སྤྲོད་བྱས་པའི་ནང་གྱོད་གཞི་ཁྲི་507.9ལག་བསྟར་ཐག་གཅོད་ཐུབ་པ་དེ་དུས་མཚུངས་ལས་31.6%དང་33.1%སོ་སོར་འཕར་བ་དང་། ལག་བསྟར་དངུལ་འབོར་སྒོར་དུང་ཕྱུར་ཁྲི་1.5དམིགས་སར་འབྱོར་བ་དེ་དུས་མཚུངས་ལས་54%འཕར་བ་རེད།
          ཚེས་12ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲོའུ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་ལས་དོན་སྙན་སྒྲོན་གནང་སྐབས་གྲངས་གཞི་འདི་ཁྱབ་བསྒྲགས་གནང་བ་རེད། ཁོང་གིས་རྒྱལ་ཡོངས་ཁྲིམས་ཁང་གི་ལག་བསྟར་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ་སྟེ“ལོ་གཉིས་ནས་གསུམ་བར་གྱི་དུས་ཚོད་སྤྱད་དེ་ལག་བསྟར་བྱེད་དཀའ་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱ་རྒྱུའི”དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཐུབ་རྒྱུའི་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།