འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།2016ལོར་འཛད་སྤྱོད་པས་ཞུ་གཏུག་རྒྱག་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་གསར་འགོད་པར་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2016ལོར་རྒྱལ་ཡོངས་བཟོ་ཚོང་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་12315དྲ་རྒྱར་བརྟེན་ནས་འཛད་སྤྱོད་པའི་རེ་ཞུ་ཁྲི་808.06བདག་སྤྲོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.9%འཕར་བ་དང་། དེའི་ནང་ཞུ་གཏུག་ཁྲི་166.70དང་། ཐེར་འདོན་ཁྲི་32.63 བློ་འདྲི་ཁྲི་608.74བཅས་ཟིན་ནས་འཛད་སྤྱོད་པར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར་18.24མི་ཕོག་པ་བྱས་པ་རེད།
          2016ལོར་ཞུ་གཏུག་རྒྱག་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཅིང་། མདུན་གྲལ་དུ་སླེབས་པའི་རིགས་ཁག་གི་ཞུ་གཏུག་ཁྲོད་བརྡ་ཁྱབ་དང་འབྲེལ་བའི་གནད་དོན་འཕར་ཚད་ཅུང་མཐོ་བ་དེ་ལོ་གོང་མའི་དུས་མཚུངས་ལས་198.3%ཟིན་པ་དང་། དེའི་ནང་རིགས་ཁག་གི་ཚོང་ཟོག་ཁྲོད་རིག་གནས་ལུས་རྩལ་རོལ་རྩེད་མཁོ་ཆས་དང་། བཟའ་བཅའ། རྒྱུན་མཁོའི་རྒྱ་ཟོག་སོགས་ཀྱི་བརྡ་ཁྱབ་གནད་དོན་ཞུ་གཏུག་རྒྱག་མང་ཤོས་ཡིན་པ་དང་དེ་དག་གིས་ཞུ་གཏུག་ཐག་གཅོད་བྱེད་ཚད་ཀྱི་བསྡུར་གྲངས་ཀྱི་29.3%དང་། 12.6% 12.0%བཅས་སོ་སོར་ཟིན་པ་དང་། ཞབས་ཞུའི་རིགས་ཀྱི་ཐག་རིང་ཉོ་སྒྲུབ་ཀྱི་བརྡ་ཁྱབ་གནད་དོན་ཞུ་གཏུག་རྒྱག་ཚད་ཅུང་མང་པོ་ཡོད་པ་དེས་ཞུ་གཏུག་ཐག་གཅོད་བྱེད་ཚད་བསྡུར་གྲངས་ཀྱི་22.2%ཟིན་ཡོད། 《བརྡ་ཁྱབ་སྐོར་གྱི་བཅའ་ཁྲིམས་》གསར་པ་གཞི་ཁྱོན་ཆེན་པོས་དྲིལ་བསྒྲགས་བྱས་ནས་ཁྲིམས་འགལ་བྱེད་སྤྱོད་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་འདུ་ཤེས་ཟབ་ཏུ་བཏང་བའི་ཁར། དྲིལ་བསྒྲགས་རྫུས་མ་དང་བརྡ་ཁྱབ་རྫུས་མ་མཉམ་དུ་གཏོང་བ་སོགས་ཀྱི་རྒྱུ་རྐྱེན་དབང་གིས་ཞུ་གཏུག་བརྒྱབ་ཚད་མང་དུ་ཕྱིན་ཡོད་པ་རེད།
          2016ལོར་འཛད་སྤྱོད་པས་ཞུ་གཏུག་རྒྱག་མང་ཤོས་ནི་རྒྱུན་མཁོའི་རྒྱ་ཟོག་དང་། རླངས་འཁོར་དང་དེའི་ལྷུ་ལག ཁྱིམ་སྤྱོད་གློག་ཆས། ལག་ཐོགས་ཁ་པར། རིག་གནས་ལུས་རྩལ་རོལ་རྩེད་མཁོ་ཆས། དྲ་ཐོག་ཉོ་སྒྲུབ། གྲོང་མིའི་ཞབས་ཞུ། དྲ་སྦྲེལ་ཞབས་ཞུ། བོགས་གཏོང་ཞབས་ཞུ། གློག་འཕྲིན་ཞབས་ཞུ་སོགས་ཕྱོགས་བཅུ་གཙོ་གནད་ཐོག་གཅིག་སྡུད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།