འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་དཔུང་གི་འཐུས་མི་དང་ཨུ་ཡོན་ཚོས་དཔའ་བོ་གོང་དུ་བཀུར་བའི་རྣམ་པ་སྔར་བས་ཟབ་
    ཏུ་གཏོང་རྒྱུའི་རེ་འབོད་གནང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་15ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དམག་དཔུང་བཙུགས་ནས་ལོ་90འཁོར་དུས་ལོ་འཆར་ཉེའི་མཚམས་སུ་དཔའ་བོ་གོང་དུ་བཀུར་བ་དང་། དཔའ་བོར་སྲུང་སྐྱོང་། དཔའ་བོར་སློབ་སྦྱོང་། དཔའ་བོར་དགའ་གཅེས་བཅས་བྱ་རྒྱུ་དེ་རྒྱལ་ཡོངས་ཚོགས་འདུ་གཉིས་ལ་ཞུགས་མཁན་དམག་དཔུང་གི་འཐུས་མི་དང་ཨུ་ཡོན་ཚོས་གླེང་མང་བའི་གནད་དོན་ཞིག་ཏུ་གྱུར་ཡོད།
          “དུས་སྐབས་ཤིག་རིང་དཔའ་བོར་དམའ་འབེབས་གཏོང་བ་དང་ལོ་རྒྱུས་འཁྱོག་བཤད་བྱེད་པའི་དོན་རྐྱེན་ཡང་སེ་ཐོན་གྱི་ཡོད”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དབུས་རྒྱུད་འཐབ་ཁུལ་སྐམ་དམག་མཛོད་ཁང་ཞིག་གི་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་འགན་མི་འཁུར་བའི་གཏམ་སྤྱོད་དེ་དག་རང་དགར་བརྒྱུད་སྤེལ་བྱས་ན་མི་རིགས་ཀྱི་བརྩེ་དུང་ལ་གནོད་འཚེ་ཚབས་ཆེན་བཟོ་རྒྱུ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོ་སྲིད་ཅེས་གསུངས།
          “དམག་མི་རྒན་གྲས་ཤིག་ཡིན་པའི་ངོས་ནས་མི་ལ་ལས་དཔའ་བོར་དམའ་འབེབས་གཏོང་བ་མཐོང་སྐབས་ཁོང་ཁྲོ་ཆེན་པོ་ལངས་ཀྱི་འདུག དཔའ་བོར་དམའ་འབེབས་གཏོང་བའི་བྱེད་སྤྱོད་དེ་དག་ལ་དགག་པ་རྒྱག་རྒྱུ་ཡིན་ལ། དཔའ་བོར་དམའ་འབེབས་གཏོང་བའི་བྱེད་སྤྱོད་བཀག་འགོག་བྱེད་པ་དང་དཔའ་བོ་གོང་དུ་བཀུར་བའི་དུས་ལ་སླེབས་ཡོད”ཅེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་མཚོ་དམག་གི་དེ་སྔའི་ཆབ་སྲིད་ཨུ་ཡོན་གཞོན་པ་ཧྥན་དབྱིན་ཧྭ་ཡིས་གསུངས།
          ཧྥན་དབྱིན་ཧྭ་ཡིས“བརྙན་འཕྲིན་ཐོག་གི་དཔྱད་གཏམ་པ་ལ་ལས་བརྙན་འཕྲིན་ནང་ལེ་ཧྥུང་ལ་ཟུར་ཟ་བྱེད་པ་དང་། ཅའོ་ཡུས་ལུའུ་ལ་ཟུར་ཟ་བྱེད་པ། དང་བླངས་དམག་ལ་དམའ་འབེབས་གཏོང་བ་སོགས་མཐོང་སྐབས་ཁོང་ཁྲོ་ལངས་ཀྱི་འདུག་ལ་སེམས་ནང་སྐྱོ་ལྷང་ལྷང་གི་སྣང་བ་ཞིག་ཡོང་གི་འདུག ལོས་ཡིན། དུས་རབས་ལ་འགྱུར་ལྡོག་འགྲོ་བས་དཔའ་བོར་སློབ་སྦྱོང་བྱ་རྒྱུ་དེ་ཡང་དུས་བསྟུན་འཕེལ་རྒྱས་དང་མཐུན་དགོས་ལ། ཁོང་ཚོས་བསྒྲུབས་མྱོང་བའི་བྱ་བ་དྲིལ་བསྒྲགས་བྱེད་དགོས་པ་མ་ཟད་ཁོང་ཚོའི་སྙིང་སྟོབས་ལ་བརྟེན་ནས་ན་གཞོན་མི་རབས་ཚོས་ཡང་དག་པའི་མི་ཚེའི་ལྟ་བ་དང་རིན་ཐང་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག དཔའ་བོར་དམའ་འབེབས་གཏོང་མཁན་གྱི་བྱེད་སྤྱོད་དེ་དག་ལ་ཡོངས་བསྒྲགས་ཐོག་ལྟ་སྐུལ་དང་གཅུན་འདོམས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས”ཞེས་གསུངས།
          འཐུས་མི་ཝང་ཅུན་གྱིས“དཔའ་བོར་དམའ་འབེབས་གཏོང་བའི་གཏམ་སྤྱོད་མང་པོ་ཐོན་པ་ནི་ད་ཡོད་བཅའ་ཁྲིམས་ཀྱིས་དཔའ་བོའི་གཟི་བརྗིད་མཚན་སྙན་ལ་སྲུང་སྐྱོང་བྱ་རྒྱུ་མི་འདང་བ་དང་འབྲེལ་བ་ངེས་ཅན་ཡོད། རང་རྒྱལ་གྱི་བཅའ་ཁྲིམས་ནང་དཔའ་བོའི་གཟི་བརྗིད་མཚན་སྙན་ལ་སྲུང་སྐྱོང་བྱ་རྒྱུ་དེ་སྤྱིར་ན་སྟོང་ཆར་ལུས་ཡོད་པ་དང་མི་རིགས་ཀྱི་དཔའ་བོ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་སྤྱིར་བཏང་སྤྱི་དམངས་དབར་དབྱེ་བ་ཕྱེ་མེད་པ་དང་། སྔོན་གཤེགས་དཔའ་བོར་དམའ་འབེབས་གཏོང་བ་དང་ལོ་རྒྱུས་འཁྱོག་བཤད་ཀྱི་བྱེད་སྤྱོད་ཐད་ངེས་པར་དུ་ཁུར་དགོས་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་ཁ་གསལ་མེད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།