འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷག་པར་མཚར་བར་བྱེད་དགོས།

    —— འཐུས་མི་དང་ཨུ་ཡོན་ཚོས་མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་རིགས་མཐུན་སྒྲིལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ནང་ཞུགས་མཁན་འཐུས་མི་དང་ཨུ་ཡོན་ཚོས་མི་རིགས་56ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་གྲ་རྒྱས་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་། ལྷག་པར་དུ་འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་མཐོང་ཆེན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་དགོས་ཞེས་གསུངས་པ་དང་། ཟླ་3ཚེས་11ཉིན་གྱི་དགོང་མོ་མི་དམངས་ཚོགས་ཁང་ཆེ་མོར་སླར་ཡང་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་ཚོའི་ཇ་སྟོན་ཚོགས་འདུ་འཚོགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དུས་རབས་ཀྱི་གསུང་སྒྲ་དེ་བས་གྲགས་པར་བྱས་ཡོད།
         ཚང་མས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱ་རྒྱུ་དེ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ནང་སྤུན་ཟླ་མཉམ་མཐུན་དང་། ལྟ་རེས་སྐྱོང་རེས། མཐུན་སྒྲིལ་འཆམ་མཐུན། ཐུན་མོང་འཕེལ་རྒྱས་བཅས་ཡོང་བ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ལྷག་པར་མཚར་བར་བྱས་ཏེ་མི་དམངས་དུང་ཕྱུར་13ལྷག་ཙམ་བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་རྒྱུ་ཡིན་ལུགས་གསུངས་ཡོད།
         “མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་ལྟ་རེས་སྐྱོང་རེས་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་བཅོལ་བའི་ཐུགས་རེ་ནན་པོ་ཞིག་རེད”ཅེས་ནང་སོག་རང་སྐྱོང་ལྗོངས་ཨར་ཏུའོ་སི་གྲོང་ཁྱེར་སོག་རིགས་སློབ་འབྲིང་ཆབ་སྲིད་སློབ་གསོ་ཁྲུའི་ཀྲུའུ་རེན་འཐུས་མི་ཁྲ་ཀ་ཏའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་2014ལོའི་ཟླ་1པོར་ནང་སོག་ཏུ་རྟོག་ཞིབ་ལ་ཕེབས་སྐབས་ཀྱི་ཐུགས་རེ་ནན་པོ་སྔར་བཞིན་སེམས་ལ་བརྟན་པོར་ངེས་ཡོད།
         ཉེ་བའི་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་མི་རིགས་གཅིག་ཀྱང་ལུས་མི་རུང་ཞེས་ནན་བཤད་ཐེངས་མང་གནང་བ་དེས“སྤྱི་ཁྱབ་ཧྲུའུ་ཅིས་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་གྲངས་ཉུང་མི་རིགས་ཀྱི་སྤུན་ཟླ་ཚོར་བཅངས་པའི་གཟིགས་སྐྱོང་ཟབ་མོ་གང་ལེགས་མཚོན་ཡོད”ཅེས་ཨོ་ཝུན་ཁེ་རིགས་ཀྱི་རྩོམ་པ་པོ་ཨུ་ཡོན་ཏུའུ་མེ་ཡིས་གསུངས་པ་དང་། ཁོང་གིས་ང་ཚོས་མི་རིགས་ཁག་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ་རྒྱལ་ཁབ་ཀྱིས་མི་རིགས་གང་རུང་ཞིག་གི་གཅེན་གཅུང་མིང་སྲིང་གཅིག་ཀྱང་མ་ལུས་པ་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།
         བོད་ལྗོངས་ལྷོ་ཁ་སྣེ་གདོང་རྫོང་ཀུན་བཟང་བྱ་རིགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ཏང་ཀྲི་པུའི་ཧྲུའུ་ཅི་འཐུས་མི་ཡེ་ཤེས་སྒྲོལ་དཀར་ནི་ས་གནས་དེ་གའི་དཀའ་སྤྱད་ཕྱུག་འགྱུར་གྱི་དཔེ་མཚོན་ཞིག་ཡིན་པ་མ་ཟད་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་མིག་དཔེ་ཞིག་ཀྱང་རེད། ཁོང་གིས“ངའི་བཟའ་ཟླ་རྒྱ་རིགས་རེད། ལོ་དེ་དག་རིང་ངེད་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་པ་ལས་གསོ་ཚགས་བྱ་གཞག་ཡར་ངོའི་ཟླ་བཞིན་གོང་འཕེལ་བྱུང་ནས་འཚོ་བ་བདེ་ཞིང་སྐྱིད་པ་ཞིག་ཡོད”ཅེས་གསུངས།
         ཡེ་ཤེས་སྒྲོལ་དཀར་གྱིས“དུས་ཡུན་རིང་པོའི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་ཁྲོད་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱ་རྒྱུ་དེ་བོད་ཀྱི་མི་རིགས་འབྲེལ་བའི་བརྗོད་དོན་གཙོ་བོར་གྱུར་ཡོད།‘མཐུན་སྒྲིལ་དང་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པ’དེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ཏུ་གྱུར་ཡོད། མི་རིགས་འཆམ་མཐུན་མེད་ཚེ་སྤྱི་ཚོགས་ཀྱི་བརྟན་ལྷིང་དང་མཐུན་སྒྲིལ་མེད་ལ་དཔལ་འབྱོར་གྲ་རྒྱས་གོང་འཕེལ་ཡང་འགྲོ་མི་སྲིད་པ་དང་མི་རིགས་ཁག་དར་རྒྱས་དེ་བས་ཡོང་མི་སྲིད། མི་རིགས་མཐུན་སྒྲིལ་ཡག་པོ་བྱས་ཚེ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོར་གོང་བུ་འགྲིལ་ཤུགས་དང་བྱ་གཞག་སྒྲུབ་པར་མཉམ་ཤུགས་ཆགས་ཏེ་ལས་དོན་ཁག་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།