འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཝང་ཧྲང་ཏེན་གྱིས་སྤུས་ཚད་ལེགས་ཉེས་གཙོ་བོ་བཟོ་པའི་སེམས་ལ་ཐུག་ཡོད་
    ཅེས་གསུངས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཧྲང་ཏེན་ནི་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སི་ཅིན་ཤིས་རྡོ་སྣུམ་རྫས་འགྱུར་ཡན་ལག་ཀུང་སིའི་འཕྲུལ་ཆས་བཟོ་གྲྭའི་ལྕགས་རིགས་བཟོ་ལས་འཁོར་ཁང་གི་བཟོ་པ་ཞིག་ཡིན་པ་དང་། ཐོན་སྐྱེད་ཀྱི་འཐབ་ས་དང་པོ་ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་བཤད་ན། ཝང་ཧྲང་ཏེན་གྱིས་འཐབ་ས་དང་པོའི་ལག་རྩལ་མི་སྣ་གསོ་སྐྱོང་དང་། འདེམས་སྒྲུག ལྕག་སྐུལ་བཅས་ཀྱི་ལམ་སྲོལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཁོང་གིས“སྤུས་ཚད་ལེགས་ཉེས་གཙོ་བོ་བཟོ་པའི་སེམས་ལ་ཐུག་ཡོད། དེ་ནི་ང་ཚོས་འབད་འཐབ་བྱེད་པའི་ཁ་ཕྱོགས་དང་དམིགས་ཚད་ཡིན”ཞེས་གསུངས་ཤིང་། འདི་ནི་ཝང་ཧྲང་ཏེན(དཀྱིལ)གྱིས་ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སི་ཅིན་ཤིས་རྡོ་སྣུམ་རྫས་འགྱུར་ཡན་ལག་ཀུང་སིར་ལས་རོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།