འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བཟོ་སྐྲུན་འཕྲུལ་ཆས་ཀྱི་སྣེ་འདྲེན་ཁེ་ལས་ཨ་རིའི་འགྲེམས་ཚོགས་ནང་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་7ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཨ་རིའི་གྲོང་ཁྱེར་ལ་སི་ཝུའེ་ཅ་སིའི་བཟོ་སྐྲུན་འཕྲུལ་ཆས་འགྲེམས་སྟོན་འགོ་ཚུགས་པ་དང་གོ་ལ་ཧྲིལ་པོའི་ཁེ་ལས་2500ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ཡོད་ལ་ཀྲུང་གོའི་བཟོ་སྐྲུན་འཕྲུལ་ཆས་ཀྱི་སྣེ་འདྲེན་ཁེ་ལས་འགྲེམས་ཚོགས་ནང་མཉམ་སྡེབ་ཐོག་འདོན་པས་བཀྲག་མདངས་འཚེར་སར་གྱུར་ཡོད།
         ཀྲུང་གོ་ཚོང་དོན་པུའི་རྒྱབ་སྐྱོར་འོག་ཀྲུང་གོ་གློག་འཕྲུལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་དང་ཀྲུང་གོ་བཟོ་སྐྲུན་འཕྲུལ་ཆས་བཟོ་ལས་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་འཕྲུལ་ཆས་ཧྲིལ་པོ་དང་ལྷུ་ལག་ཁེ་ལས་110ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་ཡོད་པ་རེད།
         ཀྲུང་གོ་གློག་འཕྲུལ་ཐོན་རྫས་ཕྱིར་གཏོང་ནང་འདྲེན་ཚོང་ཚོགས་ཀྱི་ཚོགས་གཙོ་ཀྲང་ཡུས་ཅིན་གྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལོ་བཅུ་གྲངས་འཕེལ་རྒྱས་ཕྱིན་པ་བརྒྱུད་ཀྲུང་གོའི་བཟོ་སྐྲུན་འཕྲུལ་ཆས་ལ་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེན་པོ་ལྡན་ཡོད་ལ། “ཕྱིར་གཏོང”གི་ནུས་པའང་ལྡན་ནས་ཀྲུང་གོ་འདི་ཉིད་འཛམ་གླིང་བཟོ་སྐྲུན་འཕྲུལ་ཆས་བཟོ་མཁན་རྒྱལ་ཁབ་ཆེ་གྲས་སུ་གྱུར་བ་མ་ཟད། ཨར་འདམ་གཡོ་བའི་འཕྲུལ་ཆས་དང་། ལྗི་འདེགས་འཕྲུལ་ཆས། རྐོ་འདྲུའི་འཕྲུལ་འཁོར། ལྡུག་འཁོར། ལམ་བཟོའི་འཕྲུལ་ཆས་བཅས་ཀྱི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཀྱི་ཡོད། 2001ལོར་ཀྲུང་གོའི་བཟོ་སྐྲུན་འཕྲུལ་ཆས་ཐོན་རྫས་ཀྱི་ཕྱིར་གཏོང་བསྡོམས་འབོར་ཨ་སྒོར་དུང་ཕྱུར་15.6ཟིན་པ་དང་2016ལོའི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་125ཟིན་ཡོད་ཅེས་བཤད།
         ཀྲུང་གོ་བཟོ་སྐྲུན་འཕྲུལ་ཆས་བཟོ་ལས་མཐུན་ཚོགས་ཀྱི་ཚོགས་གཙོ་ཆི་ཅུན་གྱིས་ཀྲུང་གོ་བཟོ་སྐྲུན་འཕྲུལ་ཆས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་འཕྲད་པ་དང་སྤུས་རྟགས་ཀྱི་མིང་གྲགས་ཀྱང་ཆེ་རུ་ཕྱིན་པ་དང་འབྲེལ་ཀྲུང་གོའི་བཟོ་སྐྲུན་འཕྲུལ་ཆས་ཁེ་ལས་ཀྱིས་ཕྱི་རྒྱལ་དུ་སྤེལ་བའི་ལས་སྒོ་དེ་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་ལ་ཁྱབ་པ་དང་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ཕྱིར་གཏོང་བྱས་པས་ཕྱིར་ཚོང་ཡོང་འབབ་དང་ཕྱིར་ཚོང་བྱེད་ཚད་ཚང་མ་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།