འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བཟོ་འཕྲིན་པུའི་པུའུ་ཀྲང་མིའོ་ཝེ་ཡིས་འཛམ་གླིང་ལ་སྐད་གྲགས་ཆོད་པའི“ཀྲུང་གོའི་
    སྤུས་རྟགས”སྔར་བས་མང་བ་གཏོད་དགོས་ཞེས་གསུངས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་14ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་11ཉིན། འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་གསར་འགོད་པའི་ཚོགས་འདུའི་ཐོག་བཟོ་འཕྲིན་པུའི་པུའུ་ཀྲང་མིའོ་ཝེ་ཡིས་རིམ་པ་འབྲིང་སྟོད་ཀྱི་འཛད་རྫས་མཁོ་སྤྲོད་བྱེད་མང་དུ་བཏང་སྟེ་ཐོན་རྫས་ཀྱི་སྤུས་ཚད་དང་རིམ་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རྫུས་ལྷད་ཞན་གསུམ་ལ་རྡུང་རྡེག་གཏོང་བ། བཟོ་བོའི་རིག་གནས་ཟབ་གཏོད་བཅས་བྱས་ནས་འཛམ་གླིང་ལ་སྐད་གྲགས་ཆོད་པའི“ཀྲུང་གོའི་སྤུས་རྟགས”སྔར་བས་མང་བ་གཏོད་རྒྱུ་ཡིན་ཞེས་གསུངས།
         མིའོ་ཝེ་ཡིས་འདི་ལོ་བཟོ་འཕྲིན་པུས་ལས་རིགས་མཐུན་ཚོགས་སྒྲིག་འཛུགས་ཀྱིས་འཛད་རྫས་རིམ་སྤོར་དང་གསར་གཏོད་ཀྱི་ཕྱོགས་སྟོན་ཡོངས་བསྒྲགས་བྱས་ནས་ཁྱད་ལྡན་དང་། ལྗང་མདོག དར་སྲོལ་ཆེ་བ་བཅས་ཀྱི་ཐོན་རྫས་རྩེ་གྲ་ཁག་གཅིག་འདོན་པ་དང་། ཐོན་རྫས་ཁག་གཅིག་སྒྲིག་འཛུགས་ཀྱིས་རྒྱལ་སྤྱིའི་ཚད་ཤིང་དང་བསྡུར་བ་དང་སྤུས་ཀ་བསྡུར་བའི་བྱེད་སྒོ་སྤེལ་བ། འོ་རྩམ་དང་། སྨན་རྫས། ཆབ་གཞོང་གི་ཁེབས་གཅོད། གློག་རྡིག་སོགས་ཐོན་རྫས་ཀྱི་སྤུས་ཚད་དང་རིམ་པ་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྩེར་སོན་ཐོན་རྫས་ཀྱི་འཛད་སྤྱོད་པའི་དགོས་མཁོ་སྐོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས།
         དེ་དང་ཆབས་ཅིག་རིག་ནུས་བཟོ་སྐྲུན་ལས་གྲྭ་མུ་མཐུད་ལག་བསྟར་ཡག་པོ་བྱས་ཏེ་འཛད་རྫས་ཐོན་རྫས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ལས་རིགས་ཀྱི་ཁྱད་ཆོས་མི་འདྲ་བར་གཞིགས་ནས། ཁྱིམ་སྤྱོད་གློག་ཆས་དང་འཁལ་འཐག་ལས་རིགས་སུ་གཞི་ཁྱོན་ཆེ་ལ་ཁྱད་ཆོས་ལྡན་པའི་བཟོ་སྟངས་ཁྱབ་གདལ་བཏང་སྟེ་ཁེ་ལས་ཀྱིས་ཞིབ་སྤེལ་དང་། ཐོན་སྐྱེད། གཉེར་འཚོང་། ཞབས་འདེགས་ཞུ་སྟངས་བཅས་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
         མིའོ་ཝེ་ཡིས་འཛམ་གླིང་ལ་སྐད་གྲགས་ཆོད་པའི“ཀྲུང་གོའི་སྤུས་རྟགས”སྔར་བས་མང་པོ་གཏོད་དགོས་པ་མ་ཟད། ད་དུང་ཁོར་ཡུག་བཟང་པོ་གཏོད་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། འཛད་རྫས་ཁྲོམ་ར་དང་རྒྱལ་སྤྱིའི་ཕྱོགས་སུ་བསྐྱོད་རྒྱུར་རྒྱབ་སྐྱོར་བཅས་བྱེད་དགོས་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།