འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྤུས་ཚད་དོན་གཉེར་བྱས་ནས་འཛམ་གླིང་དུ་སྐད་གྲགས་ཆོད་པའི"ཀྲུང་གོའི་སྤུས་རྟགས"སྔར་
    བས་མང་བ་གཏོད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་08ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། བཟོ་སྐྲུན་ལས་རིགས་ཀྱི་བླ་སྲོག་ནི་སྤུས་ཚད་ལ་ཐུག་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་སྤུས་ཚད་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་པ་དང་། འཛམ་གླིང་དུ་སྐད་གྲགས་ཆོད་པའི“ཀྲུང་གོའི་སྤུས་རྟགས”སྔར་བས་མང་བ་གཏོད་ནས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དེ་སྤུས་ཚད་ལེགས་པའི་དུས་རབས་སུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།
            རྩེར་སོན་ཕྱོགས་སུ་སྐྱོད་བཞིན་པའི“ཀྲུང་གོའི་ལན་པར”གྱི་ངོས་ནས་བརྗོད་ན། “སྤུས་ཚད”ཅེས་པའི་ཡིག་འབྲུ་གཉིས་ལ་དེ་བས་དོ་སྣང་བྱེད་དགོས། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཡུལ་སྐོར་བས་ཕྱི་རྒྱལ་ནས་ཆབ་གཞོང་ཁེབས་གཅོད་ཉོ་བ་སོགས་ཀྱི་སྣང་ཚུལ་དེ་དག་ལས“ཀྲུང་གོའི་ལན་པར”གྱི་སྤུས་ཚད་མཐོ་རུ་གཏོང་བའི་དགོས་གཏུགས་རང་བཞིན་ཕྱོགས་གཞན་ཞིག་ནས་མངོན་གྱི་ཡོད།
          “སྤུས་ཚད་ནི་འཛད་སྤྱོད་པར་བརྩི་འཇོག་བྱེད་པ་ཞིག་རེད་ལ་སྤུས་རྟགས་ཀྱི་རྨང་གཞི་གཏོད་པ་ཞིག་ཀྱང་རེད། ཁེ་ལས་ཐོག་མར་འཛུགས་སྐབས་སྤུས་ཚད་ཀྱི་འདུ་ཤེས་བརྟན་པོར་འཛུགས་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀེ་ལི་གློག་ཆས་ཀུང་སིའི་ཏུང་ཧྲི་ཀྲང་ཏུང་མིང་ཀྲུའུ་ཡིས་གསུངས། ཡང་ཁོང་གིས་སྙན་སྒྲོན་ནང་གི“སྤུས་ཚད”ཅེས་པ་ཞིབ་པར་གླེང་བ་མ་ཟད། དེར་ཐུན་མོང་མ་ཡིན་པའི་ངོས་འཛིན་གཅིག་མཐུན་ཡང་གནང་བ་རེད།
          ཏུང་མིང་ཀྲུའུ་ཡིས་ཁྲོམ་རའི་འགྲན་རྩོད་ཇི་ཙམ་ཆེ་བ་དང་རིམ་པ་དམའ་བའི་ཐོན་ནུས་མཁོ་ཉུང་ལྷག་འཕྲོར་ལུས་ན། དེ་བས་བཟོ་སྐྲུན་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་། བཟོ་སྐྲུན་གྱི་ཞན་ཆ་གསབ་པ། སྤུས་ཚད་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས་ཐོན་རྫས་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
          རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འགའ་ཤས་ཀྱིས་བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་ནི་རྣམ་འགྱུར་ཞིག་རེད་ལ་ལག་རྩལ་ཞིག་དེ་བས་རེད། གཅུས་གཟེར་དམ་པོར་མ་སྒྲིམ་ན་སོ་འཁོར་སྒྲིག་མི་ཐུབ་པ་སོགས་ཚང་མའི་ཐོག་ནས་རྨང་གཞིའི་བཟོ་རྩལ་གྱི“ཞན་ཆ”མངོན་གྱི་ཡོད་ཅེས་གསུངས།
         བཟོ་རྩལ་དང་རྒྱུ་ཆ་ནི་བཟོ་སྐྲུན་གྱི་རྩ་བ་ལྟ་བུ་ཞིག་རེད། དེས་ན་རིག་ནུས་ཅན་དང་རང་འགུལ་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་དེང་གི་དུས་འདིར་འཕྲུལ་འཁོར་ལ་འཇམ་བརྡར་གཏོང་བ་དང་། ཞིབ་ཚད་ལ་ཚོད་འཛིན་བྱེད་པ། རྒྱུ་ཆ་ལེགས་སུ་གཏོང་བ་བཅས་ཚང་མ་ནི་བཟོ་སྐྲུན་ལས་རིགས་ལ་འཕྲད་པའི་འགངས་ཆེའི་གནད་དོན་ཞིག་རེད། དེར་བརྟེན་ལག་ལེན་གྱི་ཁྲོད་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བ་བྱེད་དགོས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།