འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་3ཚེས་25ཉིན་གཏོང་འགོ་
    འཛུགས་རྒྱུ་ཡིན་པ་དང་དུས་ཡུན་ཉིན་45ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་14ཉིན་གྱི་སྔ་དྲོར། གསར་འགོད་པས་2017ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅོ་ལྔ་པའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། "མི་ཡུལ་དག་པའི་ཞིང་ཁམས། མཛེས་སྡུག་ལྡན་པའི་ཉིང་ཁྲི"ཞེས་པ་བརྗོད་གཞི་བྱ་རྒྱུའི་2017ལོའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་3ཚེས་25ཉིན་གཏོང་འགོ་འཛུགས་རྒྱུ་ཡིན་ཞིང་། ད་ལོའི་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་ཀྱི་བྱེད་སྒོ་ནི་2017ལོའི་ཟླ་3ཚེས་15ཉིན་ནས་2017ལོའི་ཟླ་4ཚེས་30ཉིན་བར་སྤེལ་རྒྱུ་ཡིན་པ་རེད།
         ཉེ་བའི་ལོ་འགའི་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱ་རྒྱུའི་དམིགས་ཡུལ་ལ་དམ་པོར་དམིགས་ཏེ་སྐྱེ་ཁམས་ཡུལ་སྐོར་འཐབ་ཇུས་ཀྱི་གཙོ་རྟེན་ཐོན་ལས་ལ་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ། ཤུགས་གང་ཡོད་བཏོན་ནས་ཡུལ་སྐོར་གྲོང་ཁྱེར་སྟོབས་ལྡན་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅིང་། ད་ལོ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་གཞི་ཁྱོན་ཅན་དང་། ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན། Aརིམ་པའི་མཛེས་ལྗོངས་ཁུལ་སྤུས་ལེགས་ཅན། དྲིལ་བསྒྲགས་གཉེར་འཚོང་འགྲེང་གཟུགས་ཅན། ཡུལ་སྐོར་གྱིས་མང་ཚོགས་ཕྱུག་པོ་གཏོང་བ་ཆེ་ཤོས་ཅན་བཅས་གཙོ་གནད་དུ་བཟུང་སྟེ། དམ་འཛིན་ལེགས་པོ་བྱས་ནས་སྟོབས་ཤུགས་ཡོད་རྒུས་ཉིང་ཁྲི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་རིམ་པ་སྔར་ལས་མཐོ་རུ་འཕར་བར་བྱེད་གང་ཐུབ་བྱ་རྒྱུ་རེད།
          འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཁམ་བུའི་མེ་ཏོག་བཞད་པའི་དུས་ཚིགས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་དམངས་སྲོལ་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པ་དྲིལ་བསྒྲགས་དང་མཚམས་སྦྱོར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་ཁམ་བུའི་མེ་ཏོག་མི་མཁས་ཅན་གྱིས་ཡུལ་དངོས་ནས་ཐད་གཏོང་བྱ་རྒྱུ་དང་། ཁམ་བུའི་སྐྱེད་ཚལ་དུ་ལྡན་པའི་བརྩེ་སེམས་བརྗོད་བྱ་གཙོ་བོར་བྱེད་པའི་པར་རིས་འགྲེམས་སྟོན། ཁམ་བུའི་སྐྱེད་ཚལ་གྱི་དམངས་ཁྲོད་ལུས་རྩལ་བྱེད་སྒོ་འདྲི་རྩད།  ཁམ་བུའི་མེ་ཏོག་གི་བཅུད་ཟས་བྲོ་བ་གཟིགས་པ་དང་ཟས་ཞིམ་ཇུས་འགོད་སོགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་ཤིང་། ཁྱད་ཆོས་ལྡན་ལ་མངོན་གསལ་ཆེ་བ་རབ་དང་རིམ་པ་སྤེལ་ནས། ཡུལ་སྐོར་དེ་ཉིད་རིག་གནས་དང་། ཞིང་འབྲོག་ལས་རིགས། བོད་ཀྱི་གསོ་སྨན་སོགས་ཁྱད་ལྡན་ལེགས་ཆེའི་ཐོན་ལས་གཞན་དག་དང་མཉམ་འདྲེས་གཏིང་ཟབ་དང་། མཉམ་འགུལ་གོང་དུ་འཕེལ་བར་སྐུལ་སྤེལ་སྔར་ལས་ལྷག་པར་བཏང་སྟེ། ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དེ་ཉིད་ཀྱིས་ཉིང་ཁྲི་དྲིལ་བསྒྲགས་དང་ཉིང་ཁྲི་ངོ་སྤྲོད། ཉིང་ཁྲིའི་རིམ་པ་མཐོར་འདེགས་བཅས་བྱེད་པའི་འབྲེལ་ཟམ་དང་འབྲེལ་ཐག་གལ་ཆེན་དུ་འགྱུར་བར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།