འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེས“དུས་བདེའི་གྲོང་ཁྱེར”གཏོད་རྒྱུར་ཧྭ་ཝེ་ཀུང་སིས་རམ་འདེགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་16ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཧྭ་ཝེ་ཀུང་སིས་ཧྥ་རན་སེ་བྱང་རྒྱུད་ཧྥ་རན་སེ་ཁུལ་ཆེན་གོང་མ་ཝ་ལེང་ཤེ་ན་གྲོང་ཁྱེར་སྲིད་གཞུང་དང་མཉམ་ལས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཅིང་། ཧྭ་ཝེ་ཀུང་སིས་ཝ་ལེང་ཤེ་ན་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་བརྙན་ལམ་གྱི་ལྟ་སྐུལ་ཚོད་འཛིན་མ་ལག་ཡོངས་སྒྱུར་བཀོད་རིམ་སྤོར་བྱ་རྒྱུའི་ནང་ཞུགས་ཏེ་གྲོང་ཁྱེར་དེས་བློ་རིག་རྣམ་པའི“དུས་བདེའི་གྲོང་ཁྱེར”གཏོད་རྒྱུར་རམ་འདེགས་བྱ་རྒྱུ་རེད།
         འཆར་གཞི་གཞིར་བཟུང་ཝ་ལེང་ཤེ་ན་གྲོང་ཁྱེར་གྱི་སྔར་ཡོད་བདེ་འཇགས་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ལེན་སྒྲིག་ཆས་ཚང་མ་ཧྭ་ཝེ་ཡི་ཉིན་མཚན་བལྟོས་མེད་ཀྱི་དྲ་རྒྱའི་བརྙན་ཆས་གསལ་ཤོས་བརྗེ་རྒྱུ་དང་བརྙན་ཆས་སྤྱི་གྲངས་འབོར་མང་དུ་གཏོང་རྒྱུ་མ་ཟད། ཧྭ་ཝེ་སྤྲིན་ཚོགས་ལག་རྩལ་དང་གྲངས་གཞི་ཆེན་པོའི་རིག་ནུས་དབྱེ་ཞིབ་ལག་རྩལ་སྤྱད་ནས་གསར་སྤེལ་བྱས་པའི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་དང་རིག་ནུས་དབྱེ་ཞིབ་ལས་སྟེགས་མ་ལག་ཀྱང་སྒྲིག་སྦྱོར་བྱ་རྒྱུ་རེད།
         ཧྭ་ཝེ་ཀུང་སིས་བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་ཀུང་སི་དེའི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་དང་དེ་བཞིན་དུས་བདེའི་གྲོང་ཁྱེར་གྱི་ཐག་གཅོད་ཇུས་གཞིས་དབྱིན་ཇིའི་ལོན་ཏོན་དང་། ཧོ་ལན་གྱི་ཨམ་སི་ཐེ་ཏམ། དབྱི་ཐ་ལིའི་ས་ཏིང་གླིང་ཕྲན་སོགས་ས་ཁུལ་དང་གྲོང་ཁྱེར་100ལྷག་ཙམ་ལ་ཞབས་འདེགས་ཞུ་ཡི་ཡོད་པ་རེད།
        2003ལོར་ཧྭ་ཝེ་ཧྥ་རན་སེའི་ཁྲོམ་རར་ཞུགས་པ་དང་མིག་སྔར་ཧྥ་རན་སེའི་སྐད་གྲགས་ཆེ་ཤོས་ཀྱི་ཀྲུང་གོའི་ཁེ་ལས་གྲས་སུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།