འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུར་ཁེ་རྒྱལ་ཁབ་ཀྱི་ཟོག་འདྲེན་གནམ་གྲུ་ཞིག་ཁེར་གྷི་སི་ཐན་དུ་ལྷུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་17ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཐུར་ཁེ་རྒྱལ་ཁབ་ཀྱི་ཟོག་འདྲེན་གནམ་གྲུ་ཞིག་ཁེར་གྷི་སི་ཐན་དུ་ལྷུངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་16ཉིན། པི་ཧྲི་ཁའེ་ཁེ་གྲོང་ཁྱེར་ནས་སྤེལ་བའི་གནས་འཕྲིན་ལྟར་ན། ཚེས་16ཉིན། ཐུར་ཁེ་རྒྱལ་ཁབ་ཀྱི་རླབས་སྒྲ་747རྟགས་ཅན་གྱི་ཟོག་འདྲེན་གནམ་གྲུ་ཞིག་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་ཧྲི་ཁའེ་ཁེ་གྲོང་ཁྱེར་ཉེ་འདབས་སུ་ལྷུངས་ཤིང་། མིག་སྔའི་བར་དུ་། དོན་རྐྱེན་འདིའི་ནང་མི་32རྐྱེན་ལམ་དུ་ཤོར་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཆག་སྒོ་བྱུང་བའི་གནམ་གྲུ་འདི་ནི་ཞང་ཀང་ནས་ཁེར་གྷི་སི་ཐན་གྱི་རྒྱལ་ས་པི་ཧྲི་ཁའེ་ཁེ་བརྒྱུད་དེ་ཐུར་ཁེ་རྒྱལ་ཁབ་ཀྱི་དབྱི་སི་ཐན་པུར་དུ་འཕུར་རྩིས་བྱས་པ་རེད། ས་གནས་དེ་གའི་དུས་ཚོད་ཚེས་16ཉིན་གྱི་ཆུ་ཚོད་7དང་སྐར་མ་31ཐོག གནམ་གྲུ་གནམ་གྲུ་ཐང་དུ་འབབས་གྲབས་ཡོད་སྐབས་སར་ལྷུངས་པ་དང་། ལྷང་ས་ནི་པི་ཧྲི་ཁའེ་ཁེ་གྲོང་ཁྱེར་ཉེ་འདབས་ཀྱི་མཱ་ནཱ་སི་རྒྱལ་སྤྱིའི་གནམ་གྲུ་ཐང་ཉེ་འགྲམ་གྱི་ཡུལ་མིའི་སྡོད་གནས་ཁུལ་རེད། ཁེར་གྷི་སི་ཐན་གྱི་ཙུང་ལི་གཞོན་པ་དང་པོ་ཨ་པུར་ཅ་ཅི་ཡེ་ཧྥུ་ཡིས་མིག་སྔའི་བར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་32སུ་འཕར་ཡོད་པ་དང་། དེའི་ཁྲོད་དུ་གནམ་གྲུའི་ཐོག་གི་ལས་བྱེད་མི་སྣ་4ཚུད་ཡོད་ཅེས་བརྗོད་པ་རེད། ཁེར་གྷི་སི་ཐན་གྱི་ཛ་དྲག་གནས་ཚུལ་པུའུ་ཡིས་དེ་སྔོན་སྤྱི་བསྒྲགས་སྤེལ་ནས་ཟོག་འདྲེན་གནམ་གྲུ་ལྷུང་བའི་དོན་རྐྱེན་ལས་མི་20རྐྱེན་ལམ་དུ་ཤོར་ཤིང་། དེ་དག་གི་ཁྲོད་དུ་ཉུང་མཐར་ཡང་ས་ངོས་སུ་ཡོད་པའི་མི་དར་མ་9དང་བྱིས་པ་6དེ་བཞིན་གནམ་གྲུའི་ཐོག་གི་ལས་བྱེད་མི་སྣ་1བཅས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་སྡོད་ཁང་15གཏོར་བརླག་སོང་བ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།