འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ལིའོ་ཉིང་དམག་གྲུའི་རུ་དཔུང་ཐའེ་ཝན་མཚོ་འགག་བརྒྱུད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་13ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། མཚོ་དམག་གི་གསར་འགྱུར་མགྲིན་ཚབ་པ་ལིའང་དབྱང་གིས་ཟླ་དང་པོའི་ཚེས་12ཉིན་གྱི་ཐོ་རེངས་ལ། ལྷོ་རྒྱ་མཚོ་རུ་བསྐྱོད་དེ་མཚོ་བརྒལ་ཁུལ་དུ་སྦྱོང་བརྡར་དང་ཚོད་ལྟ་བྱེད་པའི་ལིའོ་ཉིང་དམག་གྲུའི་རུ་དཔུང་ཐའེ་ཝན་མཚོ་འགག་བརྒྱུད་པ་དང་། མུ་མཐུད་ནས་རྒྱུན་མཐུད་ཀྱི་ལས་འགན་བསྒྲུབ་རྒྱུ་ཡིན་པའི་མཚམས་སྦྱོར་བྱས་པ་རེད།
             ཐའེ་ཝན་མཚོ་འགག་བརྒྱུད་དུས། ལིའོ་ཉིང་དམག་གྲུ་དང་རུ་དཔུང་གི་དམག་གྲུ་ཁག་གིས་ཚན་རིག་དང་མཐུན་པའི་རྩ་འཛུགས་དང་། ཚོད་འཛིན་ཚགས་ཚུད་བྱས་པ་དང་། དམག་གྲུ་ཆེ་གྲས་མཚོ་འགག་བརྒྱུད་སྐབས་ཀྱི་བླང་བྱ་ལག་བསྟར་ནན་པོ་དང་། ལས་རེས་སྐོར་གཡེང་དམ་ནན་དང་དམག་གྲུ་བདེ་བླག་ངང་རྒྱུ་བར་ཁག་ཐེག་ཏན་ཏིག་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།