འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་དུ་བསྐོར་བའི་གཞུང་ལམ་གྱི་གཞི་སྒྲོམ་གཙོ་བོ་གཞི་རྩའི་ཆ་ནས་གྲུབ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 15:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལྷ་ས་གྲོང་ཁྱེར་དུ་བསྐོར་བའི་གཞུང་ལམ་གྱི་གཞི་སྒྲོམ་གཙོ་བོ་གཞི་རྩའི་ཆ་ནས་གྲུབ་ཡོད་པ།
            མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་གྲོང་སྐོར་གཞུང་ལམ་ནི་བོད་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་ལས་གཞི་ཐོག་མའི་གྲས་ཤིག་ཡིན་པ་རེད། ལས་གཞི་འདི་ཉིད་བསྒྲུབ་འགན་ཁུར་བའི་ལྷ་ས་གྲོང་ཁྱེར་དངུལ་འཇོག་ཀུང་སིའི་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟ་ལས་གཞིའི་གཞི་སྒྲོམ་གཙོ་བོ་ལེགས་གྲུབ་བྱུང་ཡོད་ལ། གཞུང་ལམ་དུམ་བུ་ཁ་ཤས་སུ་རླངས་འཁོར་ཤར་གཏོང་གི་ཆ་རྐྱེན་ཡང་འཛོམས་ཡོད་པ་རེད།
             ལྷ་ས་གྲོང་ཁྱེར་ལ་བསྐོར་བའི་གཞུང་ལམ་འདི་ཉིད་ནི་2015ལོའི་ཟླ་10ཚེས་7ཉིན་འཛུགས་སྐྲུན་བྱེད་འགོ་ཚུགས་ལ། ལྷོ་སྐོར་གཞུང་ལམ་དང་། སྣེའུ་ཤར་ཟམ་ཆེན། ནུབ་སྐོར་གཞུང་ལམ། བྱང་སྐོར་གཞུང་ལམ་གྱི་སྣེ་བསྲིངས་ལམ་བུ། བྱང་སྐོར་གཞུང་ལམ་བཅས་ལས་གྲུབ་ཡོདཅིང་། རིང་ཚད་བསྡོམས་འབོར་སྤྱི་ལེ་75ཡོད། གཞུང་ལམ་ཧྲིལ་པོར་ཕུག་ལམ་7དང་། ཟམ་པ་26 ཕྱོགས་བཞིར་འབྲེལ་མཐུད་ཀྱི་རྒྱ་གྲམ་ཟམ་པ་1བཅས་ཡོད་པ་རེད།
             གཞུང་ལམ་འདི་ཉིད་བསྐྲུན་ནས་ཤར་གཏོང་བྱས་རྗེས། ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་པའི་དཀའ་ངལ་སེལ་ཐུབ་ལ། ཕྱི་ནང་སྦྲེལ་བདེའི་འགྲིམ་འགྲུལ་མ་ལག་འཛུགས་པར་ཡང་ཕན་ཐོགས་ཡོད་པ་མ་ཟད། ལྷ་ས་གྲོང་ཁྱེར་ཅན་དུ་འཛུགས་སྐྲུན་བྱེད་རིམ་དང་གྲོང་ཁུལ་རྙིང་པ་སྲུང་བར་ཡང་དོན་སྙིང་ཆེན་པོ་ལྡན་པ་རེད།
    ༄༅།།ལྷ་ས་གྲོང་ཁྱེར་དུ་བསྐོར་བའི་གཞུང་ལམ་གྱི་གཞི་སྒྲོམ་གཙོ་བོ་གཞི་རྩའི་ཆ་ནས་གྲུབ་ཡོད་པ།
    ༄༅།།ལྷ་ས་གྲོང་ཁྱེར་དུ་བསྐོར་བའི་གཞུང་ལམ་གྱི་གཞི་སྒྲོམ་གཙོ་བོ་གཞི་རྩའི་ཆ་ནས་གྲུབ་ཡོད་པ།
    ༄༅།།ལྷ་ས་གྲོང་ཁྱེར་དུ་བསྐོར་བའི་གཞུང་ལམ་གྱི་གཞི་སྒྲོམ་གཙོ་བོ་གཞི་རྩའི་ཆ་ནས་གྲུབ་ཡོད་པ།
    ༄༅།།ལྷ་ས་གྲོང་ཁྱེར་དུ་བསྐོར་བའི་གཞུང་ལམ་གྱི་གཞི་སྒྲོམ་གཙོ་བོ་གཞི་རྩའི་ཆ་ནས་གྲུབ་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།