འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ར་ཧྥུའུ་སན་ཅ་ནེ་ཚེ་ལས་འདས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་རན་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ར་ཧྥུའུ་སན་ཅ་ནེ་ཚེ་ལས་འདས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་1ཉིན། དབྱི་རན་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལྟར་ན། དབྱི་རན་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ཨ་ཁ་པར་•ཧ་ཤི་སྨི་•ར་ཧྥུའུ་སན་ཅ་ནེ་(Akbar Hashimi Rafsanjani)ཉིན་དེར་རྒྱལ་ས་ཐེ་ཧེ་རན་དུ་སྙུང་གཞི་ཕོག་ནས་ཚེ་ལས་འདས་ཤིང་། འདས་སྐབས་དགུང་ལོ་82ཡིན་པ་རེད།
             དབྱི་རན་རྒྱལ་ཁབ་ཀྱི་ཧྥར་སི་གསར་འགྱུར་ཁང་གིས་ཟླ་དང་པོའི་ཚེས་8ཉིན་གྱི་ཕྱི་དྲོར། ར་ཧྥུའུ་སན་ཅ་ནེ་ལ་གློ་བུར་དུ་སྙིང་ནད་ཕོག་ནས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ཡང་། མཇུག་མཐར་མྱུར་སྐྱོབ་སྨན་བཅོས་ཀྱིས་ཕན་མ་ཐོགས་པར་ཚེ་ལས་འདས་པ་རེད་ཅེས་བརྗོད་ཡོད་པ་རེད།
             ར་ཧྥུ་སན་ཅ་ནེ་ལགས་ནི་དབྱི་རན་རྒྱལ་ཁབ་ཀྱི་སྲིད་སྟེགས་སུ་སྙན་གྲགས་ཡོད་པའི་མི་སྣའི་གྲས་ཤིག་ཡིན་པ་དང་། ཁོང་ཉིད་1934ལོའི་ཟླ་8པར་དབྱི་རན་རྒྱལ་ཁབ་ཀྱི་ཁེར་མན་ཞིང་ཆེན་དུ་སྐྱེས། སྔ་དུས་ནས་དབྱི་རན་གྱི་དབྱི་སི་ལན་གསར་བརྗེའི་འགོ་ཁྲིད་པའམ་ཆེས་མཐོའི་གཙོ་འཛིན་པ་ཧུའོ་མའེ་ནེའི་རྗེས་སུ་བསྙེགས། 1989ལོ་ནས་1997ལོ་བར། ཁོང་གིས་དབྱི་རན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་ཁུར་བ་དང་། 2007ལོར། ཁོང་ཉིད་དབྱི་རན་རྒྱལ་ཁབ་ཆེད་མཁས་པའི་གྲོས་ཚོགས་ཀྱི་ཀྲུའུ་ཞིར་བདམས་པ་རེད།
             དབྱི་རན་རྒྱལ་ཁབ་ཆེད་མཁས་པའི་གྲོས་ཚོགས་ནི་དབྱི་རན་རྒྱལ་ཁབ་ཀྱི་ཆེས་མཐོའི་འགོ་ཁྲིད་དཔྱད་འདེམས་ཀྱི་ཆེས་མཐོའི་དབང་ཆ་ལས་ཁུངས་ཤིག་ཡིན་པ་དང་། ལས་འགན་གཙོ་བོ་ནི་རྒྱལ་ཁབ་ཀྱི་དོན་ཆེན་གྲོས་བསྡུར་དང་གཙོ་འཛིན་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱ་རྒྱུ་དེ་ཡིན་པ་རེད། དབྱི་རན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གཞིགས་ན། གཙོ་འཛིན་གྱི་ལས་གོ་མི་འཕེར་བའམ་ཡང་ན་གཙོ་འཛིན་གྱི་དགོས་ངེས་ཆ་རྐྱེན་མི་འཛོམས་པའི་སྐབས་ཆེད་མཁས་པའི་གྲོས་ཚོགས་ཀྱིས་གཙོ་འཛིན་གནས་དབྱུང་བཏང་ཆོག་པ་རེད།
    ༄༅།།དབྱི་རན་རྒྱལ་ཁབ་ཀྱི་ཙུང་ཐུང་ཟུར་པ་ར་ཧྥུའུ་སན་ཅ་ནེ་ཚེ་ལས་འདས་པ།
      

    ཕྱོགས་བསྡུས་གསར་འགྱུར།