འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཐང་ག་རྩེ་གྲ་པེ་ཅིང་དུ་འགྲེམ་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་09ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ཐང་ག་རྩེ་གྲ་པེ་ཅིང་དུ་འགྲེམ་སྟོན་བྱས་པ།
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་7ཉིན་གྱི་སྔ་དྲོར། "མཁའ་དབྱིངས་ཀྱི་བོད་ལྗོངས། བོད་ལྗོངས་ཀྱི་ཐང་གའི་སྒྱུ་རྩལ་རྩེ་གྲ་འགྲེམ་སྟོན"ཞེས་པ་ཀྲུང་གོའི་མཛེས་རྩལ་ཁང་དུ་སྤེལ་འགོ་ཚུགས་པ་དང་། བོད་ལྗོངས་ཀྱི་ཕུལ་བྱུང་ཐང་གའི་སྒྱུ་རྩལ་བརྩམས་ཆོས་ཁག་ཅིག་གཅིག་ཏུ་བསྡུས་ཏེ་རྒྱ་ཆེའི་གཟིགས་པ་པོར་གངས་ཅན་ལྗོངས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཐུན་མིན་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད་པ་རེད།
             མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་དུ་ཞུགས་པའི་བརྩམས་ཆོས་ལ་རང་རང་གི་ཁྱད་ཆོས་དམིགས་བསལ་ལྡན་པ་དང་། པིར་རིས་གཟབ་ནན་ཆེ་ཞིང་སྨྱུག་ཁ་ཚགས་སུ་ཚུད་པ། ཚོན་གྱི་གཞི་མ་བཀྲ་ཞིང་སྟུག་པ། བཞེངས་ལུགས་ཀྱི་ཐད་ནས་སྨན་ཐང་ལུགས་དང་། མཁྱེན་བརྩེ་ལུགས། ཀརྨ་སྒར་བྲིས་སོགས་ཡོད་པ་མ་ཟད། དེང་རབས་ཀྱི་རི་མོ་འབྲི་ལུགས་ལའང་དཔེ་བལྟས་ཡོད་པ་རེད། འགྲེམས་སྟོན་བརྩམས་ཆོས་ཀྱི་ལྷ་རིས་པའི་ཁྲོད་དུ་བགྲེས་རབས་པ་ཡོད་ལ། ཕྱི་རབས་གསར་སྐྱེས་ལྷ་རིས་པའང་ཡོད་པ་རེད། ཤེས་རྟོགས་བྱུང་གསལ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ནི་ཟླ་དང་པོའི་ཚེས་7ཉིན་ནས་ཚེས་18ཉིན་བར་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་རེད།
    ༄༅།།བོད་ལྗོངས་ཀྱི་ཐང་ག་རྩེ་གྲ་པེ་ཅིང་དུ་འགྲེམ་སྟོན་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།