འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲུང་ཆིང་གི་རུང་ཁྲང་ཆུས་སུ་ས་ཡོམ་རིམ་པ་4.8བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲུང་ཆིང་གི་རུང་ཁྲང་ཆུས་སུ་ས་ཡོམ་རིམ་པ་4.8བརྒྱབ་པ།
            མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་དྲ་བས་ཚད་འཇལ་བྱས་པར་གཞིགས་ན། ཟླ་12ཚེས་27ཉིན་གྱི་ཆུ་ཚོད་8དང་སྐར་མ་17ལ། ཁྲུང་ཆིང་གྲོང་ཁྱེར་གྱི་རུང་ཁྲང་ཆུས་(འཕྲེད་ཐིག་བྱང་མའི་ཏུའུ་གྲངས་29.47དང་གཞུང་ཐིག་ཤར་མའི་ཏུའུ་105.60གི་མཚམས)སུ་ས་ཡོམ་རིམ་པ་4.8བརྒྱབ་ཅིང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་པ་རེད། ད་ལྟ་མི་སྣ་ཤི་རྨས་དང་སྡོད་ཁང་རྡིབ་སྐྱོན་བྱུང་བའི་སྙན་ཞུ་འབྱོར་མེད་པ་མ་ཟད། ས་གནས་དེ་གའི་འགྲིམ་འགྲུལ་གནས་ཚུལ་དང་ཆུ་གློག་སོལ་རླངས་སོགས་འདོན་སྤྲོད་ཀྱི་གནས་ཚུལ་རྒྱུན་ལྡན་ལྟར་ཡིན་པ་རེད།
    ༄༅།།ཁྲུང་ཆིང་གི་རུང་ཁྲང་ཆུས་སུ་ས་ཡོམ་རིམ་པ་4.8བརྒྱབ་པ།
    ༄༅།།ཁྲུང་ཆིང་གི་རུང་ཁྲང་ཆུས་སུ་ས་ཡོམ་རིམ་པ་4.8བརྒྱབ་པ།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།