འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུའུ་ཅིང་གིས་ཨུ་རུ་སུས་ཨུ་ཀྲུང་དབར་གྱི་འབྲེལ་བར་བརྩི་མཐོང་བྱེད་ཀྱི་ཡོད་ཅེས་གསུངས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཟླ་12ཚེས་23ཉིན་འཚོགས་པའི་ལོ་འཁོར་གྱི་གསར་འགོད་པའི་ཚོགས་འདུའི་ཐོག་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་ཆུ་ཚད་ཧ་ཅང་མཐོ་པོ་ཞིག་ཏུ་སླེབས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཨུ་ཀྲུང་དབར་གྱི་འབྲེལ་བར་མཐོང་ཧ་ཅང་ཆེན་པོ་བྱེད་པ་མ་ཟད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་འཕེལ་རྒྱས་འགྲོ་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
           ཀྲུང་གོའི་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས་ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་ཆུ་ཚད་ཧ་ཅང་མཐོ་པོ་ཞིག་ཏུ་སླེབས་ཡོད། “‘ཨུ་རུ་སུ་དང་ཀྲུང་གོ་ནི་འཐབ་ཇུས་ཐད་ཀྱི་རོགས་ཟླ་ཡིན’ཞེས་པ་སོགས་ཀྱི་གླེང་སྟངས་དེ་ང་ཚོར་གོམས་པར་འགྱུར་མོད། འོན་ཏེ་ཉེ་བའི་ལོ་ཤས་རིང་གི་གནས་ཚུལ་ལ་བལྟས་ན་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བ་གོང་དུ་བཤད་པའི་འབྲེལ་བ་ལས་སྔར་བས་ཟབ་ཏུ་སོང་ཡོད་ཅེས་གསུངས་པ་རེད།
           ཕུའུ་ཅིང་གིས་དཔལ་འབྱོར་ཐད་ཀྲུང་གོ་ནི་ཨུ་རུ་སུའི་ཚོང་དོན་རོགས་ཟླའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་མང་པོའི་ནང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། “ངར་རྒྱལ་ཁབ་གཉིས་པོའི་ཚན་རྩལ་མཐོ་བ་དང་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཚོང་དོན་དངུལ་འབོར་མང་དུ་སོང་བ་མཐོང་སྐབས་དགའ་བ་དཔག་མེད་བྱུང”ཞེས་གསུངས་པ་རེད།
           གཞན་ཡང་ཕུའུ་ཅིང་གིས་མི་དམངས་ཤོག་སྒོར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དམིགས་བསལ་དངུལ་འདོན་དབང་ཆ(SDR)ཡི་དངུལ་ལོར་ལག་གཟེབ་ནང་དངོས་སུ་བཅུག་པར་ཆེད་མངགས་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།