འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དྲ་སྦྲེལ་དང་བློ་རིག་སློབ་གསོ་ཟུང་སྦྲེལ་བྱས་པས་མཐོ་སློབ་ཆ་འཕྲིན་ཅན་འཛུགས་
    སྐྱོང་རིམ་སྤོར་མགྱོགས་མྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་27ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར་2016ལོའི་མཚོ་སྔོན་མཐོ་སློབ་ཆ་འཕྲིན་ཅན་གྱི་ལོ་ཚོགས་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། “དྲ་སྦྲེལ་དང་བློ་རིག་སློབ་གསོ་ཟུང་སྦྲེལ”དང“ལྕགས་རི་མེད་པའི་སློབ་གྲྭ”བཏོད་ནས་ཚང་མས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་སྤྱོད་རྒྱུ་ཡོང་བ་བྱས་པས་མཚོ་སྔོན་གྱི་མཐོ་སློབ་ཆ་འཕྲིན་ཅན་འཛུགས་མགྱོགས་སུ་འགྲོ་འགོ་ཚུགས་པ་མཚོན་ཡོད།
            ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཐོ་སློབ་ཆ་འཕྲིན་ཅན་གྱིས་རྨང་གཞིའི་སྒྲིག་བཀོད་སྒྲིག་ཆས་དང་། སློབ་ཁྲིད་ཉེར་སྤྱོད། སློབ་གྲྭར་དྲ་བ་འཁྲིད་པ། སློབ་གསོ་དོ་དམ་ཆ་འཕྲིན་ཅན་སོགས་ཐད་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད་པ་རེད། “ནུབ་རྒྱུད་སློབ་ཆེན་གྱི་སློབ་གྲྭའི་རྩིས་རྒྱག་འཕྲུལ་འཁོར་དྲ་རྒྱ་འཛུགས་སྐྱོང་གི་རྣམ་གྲངས”སོགས་འདུ་འགོད་མང་དག་ཅིག་བརྒྱུད། ཞིང་ཆེན་དེ་ཡོངས་ཀྱི་མཐོ་སློབ་4དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་8དུ་སློབ་གསོ་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་འཆར་འགོད་དོན་འཁྱོལ་བྱུང་བ་དང་། སློབ་གྲྭའི་གཙོ་ཆེའི་དྲ་ཚུགས་འཛུགས་སྐྱོང་དང་། གྲངས་གཞིའི་ལྟེ་གནས་འཛུགས་སྐྱོང་། གཱ་གཅིག་ཀུན་འཐུས་སོགས་ཀྱི་ཐད་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།